དབུ་ཤོག>གསར་འགྱུར།
  • རྒན་གསོའི་དངུལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱ་རྒྱུར་དམངས་ཡོངས་ཀྱིས་རེ་སྒུག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-16

    རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱི་ཚོགས་འགན་སྲུང་གི་གནད་དོན་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོའི་ནང“ལས་བཟོའི་རྒན་གསོ་འགན་བཅོལ་གྱི་སྒེར་གྱི་རྩིས་ཐོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་མང་བསྡུ་མང་ཐོབ་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱས་ཏེ་གཞི་རྩའི་རྒན་གསོའི་དངུལ་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་དགོས་པ། སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཉེན་ཁའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་དགོས་པ། གཞུང་ཁོངས་མ་རྩའི་ཡོང་སྒོ་སྤྱི་པའི་ནོར་སྲིད་ལ་གོང་འབུལ་བྱེད་པའི་བསྡུར་ཚད་རིམ་གྱིས་མཐོ་རུ་བཏང་སྟེ་གཞུང་ཁོངས་མ་རྩ་ཁག་གཅིག་འཐེན་ནས་སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་ནང་འཇོག་དགོས་པ། རྒན་ཡོལ་ཞུ་བའི་ལོ་ཚད་རིང་དུ་གཏོང་རྒྱུའི་སྲིད་ཇུས་རིམ་གྱིས་འདོན་དགོས་པ། ལས་རིགས་ཀྱི་ལོ་དངུལ་དང་། ཁེ་ལས་ཀྱི་ལོ་དངུལ། ཚོང་ལས་རྒན་གསོའི་འགན་བཅོལ་བཅས་འཕེལ་རྒྱས་གཏོང་དགོས་པ”བཅས་བཏོན་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་རང་རྒྱལ་དུ་ལག་བསྟར་བྱས་ནས་ལོ་20ལྷག་ཙམ་ཕྱིན་ཞིང་། མིག་སྔར་གཙོ་བོ་གཤམ་གསལ་གྱི་དཀའ་གནད་འཕྲད་ཡོད་པ་སྟེ། ཕྱོགས་གཅིག་ནས་རྒན་གསོ་འགན་བཅོལ་གྱི་ཁྱབ་ཚད་སྔར་བཞིན་ཆེ་རུ་གཏོང་དགོས་པ་དང་། གྲངས་གཞི་ལས་མངོན་དོན། 2014ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་8.42ཟིན་པ་དང་། རྒྱལ་ཡོངས་སུ་ད་དུང་མི་དུང་ཕྱུར་1ལྷག་ཙམ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མེད་པ་དག་ནི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་མི་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བབ་བསྟུན་ལས་ཞུགས་མི་སྣ། ཞིང་པ་ལས་མི། གྲོང་གསེབ་ཀྱི་གྲོང་མི་ཁག་གཅིག་སོགས་ཡིན་པ་རེད།

    ཕྱོགས་གཞན་ཞིག་ནི་2014ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་3.56ཟིན་ཡོད་མོད། འོན་ཀྱང་ཀྲུང་གོའི་མིག་སྔའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་དང་དེ་བཞིན་ས་ཁུལ་མི་འདྲ་བའི་དབར་ད་དུང་ཧེ་བག་ཆེན་པོ་ཡོད་པ་རེད།

    ཀྲུང་གོ་རྒྱལ་སྤྱིའི་དངུལ་རྩ་མ་རྐང་ཚད་ཡོད་ཀུང་སིའི་དབྱེ་ཞིབ་པ་ཝང་ཧུའེ་ཡིས་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི“དབྱེ་ཕྲལ”བྱེད་ཐབས་དེས་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ངལ་ནུས་འཁོར་རྒྱུག་ཐད་འགོག་རྐྱེན་བཟོས་ནས་ལས་ཆོད་ཆུང་དུ་འགྲོ་རྒྱུ་མ་ཟད། དྲང་གཞག་མེད་པ་ཡང་ཆགས་རྒྱུ་རེད། འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ནི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་གཅིག་གྱུར་ཐོག་དོ་དམ་བྱ་རྒྱུ་དེ་ཡིན་ཞེས་བཤད།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒན་གསོ་འགན་བཅོལ་གྱི་འཆར་འགོད་རྩེ་གྲ་བཟོ་རྒྱུར་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱ་རྒྱུའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་རྒྱུ་རེད། མིག་སྔར་འབྲེལ་ཡོད་ཐེབས་རྩའི་ལད་མོའི་འཁོར་རྒྱུག་ཚོད་རྩིས་ཀྱི་ལས་དོན་སྤེལ་ཟིན་པ་དང་འབྲེལ། ཇུས་གཞིའི་མ་ཟིན་ཆགས་ནས་རིགས་པས་ཁུངས་སྐྱེལ་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་རྒྱུ་རེད་ཅེས་བཤད།

    “གཞུང་ཁོངས་མ་རྩ་ཁག་གཅིག་འཐེན་ནས་སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་ནང་འཇོག་པའི”བྱེད་ཐབས་དེར་སུའེ་ཙེར་དངུལ་ཁང་དངུལ་འཛིན་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཝང་ཐའོ་ཡིས་དེས་རྒན་གསོའི་དངུལ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་ཐུབ་རྒྱུ་མ་ཟད། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་འཆར་འགོད་ནང་བཏོན་པའི་ཁེ་ལས་ལ་དོ་དམ་བྱ་རྒྱུ་གཙོ་བོ་བྱེད་པ་ནས་མ་དངུལ་ལ་དོ་དམ་བྱ་རྒྱུ་གཙོ་བོ་བྱེད་པའི་བར་བསྒྱུར་རྒྱུའི་བླང་བྱ་ཡང་མངོན་པའི་ངོས་འཛིན་བྱས་ཡོད།

    རིམ་པ་མང་བའི་རྒན་གསོ་འགན་ལེན་གྱི་མ་ལག་ཀྱང་མྱུར་དུ་འཛུགས་རྒྱུ་ཡིན་ཞིང་། ཀྲུང་གོ་རྒྱལ་སྤྱིའི་དངུལ་རྩ་མ་རྐང་ཚད་ཡོད་ཀུང་སིའི་དབྱེ་ཞིབ་པས། མིག་སྔར་རང་རྒྱལ་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་རྒན་གསོའི་དངུལ་ལོ་11བསྟུད་མར་སྤར་ནས་གཞི་རྩའི་རྒན་གསོའི་དངུལ་གྱི་མི་རེའི་ཆ་སྙོམས་གཏོང་སྒོའི་འཕར་ཚད་དེ་མི་རེའི་ཆ་སྙོམས་གྲོན་དངུལ་འཇལ་ཚད་ལས་མཐོ་བ་ཡོད་མོད། འོན་ཀྱང་གཞི་རྩའི་རྒན་གསོའི་དངུལ་ནི་མིག་སྔའི་ཀྲུང་གོའི་རྒན་ཡོལ་ཞུས་པའི་མི་སྣའི་ཡོང་འབབ་ཀྱི་ཡོང་ཁུངས་ཡིན་པས། དེ་ཁོ་ནར་བརྟེན་ཚེ་འཁྱོལ་ཐབས་མེད་ཅེས་བཤད། དེར་བརྟེན་ཁྲོམ་རའི་མི་སྣས་ཁེ་ལས་ཀྱི་ལོ་དངུལ་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་རྩའི་རྒན་གསོའི་དངུལ་གོང་འབུལ་གྱི་བསྡུར་ཚད་དམའ་རུ་གཏོང་བ་དང་ཁྲལ་འཇལ་ཤུགས་རིམ་གྱིས་ཆེ་རུ་གཏོང་རྒྱུ་དང་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད།

    རང་རྒྱལ་གྱི་རྒན་གསོའི་དངུལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཆེད། དེ་བས་དྲང་གཞག་གི་རྒན་གསོའི་ལམ་ལུགས་འཛུགས་པ་དང་། རིམ་པ་མང་བའི་རྒན་གསོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། རྒན་གསོའི་དངུལ་གྱི་ཡོང་ཁུངས་འགན་ལེན་བཅས་བྱེད་པ་ཕུད་མ་འཇོག་གཉེར་སྐྱོང་ལ་དེ་བས་སྣང་ཆེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།