དབུ་ཤོག
  • རྒྱལ་ཁབ་ཀྱི་རིན་མེད་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-14

    ཕྲུ་གུ་དམར་འབྱར་དང་བྱིས་པའི་བདེ་ཐང་དོ་དམ་ལ་ནང་དོན་གང་དག་ཡོད་དམ།

    དྲིས་ལན། ཕྲུ་གུ་དམར་འབྱར་དང་བྱིས་པ་ཟླ་བ་3、6、8、12、18、24、30、36བཅས་ཀྱི་སྐབས་སུ་ཤང་གྲོང་འཕྲོད་བསྟེན་ཁང་དང་ཡང་ན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་ཁྱོན་བསྡོམས་བདེ་ཐང་དོ་དམ་ཞབས་ཞུ་ཐེངས་8དང་ལེན་བྱེད་དགོས། དེའི་ནང་དོན་གཤམ་གསལ།

    ① ཐེངས་གོང་མ་ནས་ད་ཐེངས་སྐབས་ཐོག་གྲོས་འདྲིའི་བར་གྱི་བྱིས་པ་སྐྱོང་ཚུལ་དང་ན་ཚ་ཕོག་མིན་གྱི་གནས་ཚུལ་དྲི་རྒྱུ།

    ② གཟུགས་པོར་བརྟག་དཔྱད་བྱས་ཏེ་ལུས་པོའི་སྐྱེ་འཚར་དང་སེམས་ཁམས་འཁྱེར་སོའི་འཚར་ལོངས་ཀྱི་དཔྱད་དཔོག་བྱ་རྒྱུ།

    ③ ཨ་མའི་འོ་མས་གསོ་བ་དང། ཞོར་ཟས་ཁ་གསབ། སེམས་ཁམས་འཁྱེར་སོའི་འཚར་ལོངས། གློ་བུར་རྨས་སྐྱོན་གྱི་སྔོན་འགོག  ཁ་གུག་གི་བདེ་སྲུང་། ཀྲུང་ལུགས་གསོ་རིག་གི་བདེ་སྲུང་། རྒྱུན་མཐོང་ན་ཚའི་འགོག་བཅོས་སོགས་ཀྱི་བདེ་ཐང་ཁྲིད་སྟོན་བྱ་རྒྱུ།

    ④ ཕྲུ་གུ་ཟླ་བ་6~8、18、30བཅས་ཀྱི་སྐབས་ཁག་སོ་སོར་ཁྲག་གི་རྒྱུན་གཏན་བརྟག་དཔྱད་ཐེངས་རེ་བྱེད་དགོས།

    ⑤ ཟླ་བ་6、12、24、36བཅས་ཀྱི་སྐབས་ཁག་སོ་སོར་རྣ་བའི་ཐོས་ཤེད་རགས་དཔྱད་ཐེངས་རེ་བྱེད་དགོས་པ།

    ⑥ ཐེངས་རེ་རེའི་སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་དུ་ཚང་མར་སྨན་བཅོས་འཛེམ་བྱ་ཡོད་མེད་བརྟག་དཔྱད་བྱེད་དགོས་ལ། གལ་སྲིད་འཛེམ་བྱ་མེད་ཚེ་གཟུགས་པོ་བརྟག་དཔྱད་ཚར་རྗེས་སྔོན་འགོག་སྨན་ཁབ་རྒྱག་དགོས།

    སློབ་ལོ་མ་ལོན་གོང་གི་བྱིས་པའི་བདེ་ཐང་དོ་དམ་ལ་ནང་དོན་གང་དག་ཡོད་དམ།

    དྲིས་ལན། ལོ་4~6བར་གྱི་སློབ་ལོ་མ་ལོན་གོང་གི་བྱིས་པར་ལོ་ལྟར་བདེ་ཐང་དོ་དམ་ཞབས་ཞུ་ཐེངས་རེ་ལོངས་སྤྱོད་བྱ་ཆོག་པའི་ནང་དོན་ཁོངས་སུ།

    ① ཐེངས་གོང་མ་ནས་ད་ཐེངས་སྐབས་ཐོག་གྲོས་འདྲིའི་བར་གྱི་བྱིས་པའི་ཟ་འཐུང་དང་ན་ཚ་ཕོག་མིན་གྱི་གནས་ཚུལ་དྲི་རྒྱུ།

    ② གཟུགས་པོར་བརྟག་དཔྱད་བྱས་ནས་ལུས་པོའི་སྐྱེ་འཚར་དང་སེམས་ཁམས་འཁྱེར་སོའི་འཚར་ལོངས་ལ་དཔྱད་དཔོག་བྱ་རྒྱུ། ཁྲག་གི་རྒྱུན་གཏན་བརྟག་དཔྱད་དང་མིག་ཤེད་ལ་རགས་དཔྱད་བྱ་རྒྱུ།

    ③  འོས་འཚམ་གྱི་བཟའ་འཐུང་། སེམས་ཁམས་འཁྱེར་སོའི་འཚར་ལོངས། གློ་བུར་རྨས་སྐྱོན་སྔོན་འགོག  ཁ་གུག་གི་བདེ་སྲུང་། གསོ་རིག་གི་བདེ་སྲུང་། རྒྱུན་མཐོང་ན་ཚའི་འགོག་བཅོས་སོགས་ཀྱི་བདེ་ཐང་ལ་ཁྲིད་སྟོན་བྱ་རྒྱུ།

    ④  ཐེངས་རེ་རེའི་སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་དུ་ཚང་མར་སྨན་བཅོས་འཛེམ་བྱ་ཡོད་མེད་བརྟག་དཔྱད་བྱེད་དགོས་ལ།  གལ་སྲིད་འཛེམ་བྱ་མེད་ཚེ་གཟུགས་པོ་བརྟག་དཔྱད་ཚར་རྗེས་སྔོན་འགོག་སྨན་ཁབ་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།