དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་སྙིང་ཉེ་བའི་ཧྲུའུ་ཅི་སྲི་ཆོད་པ་སངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-13

    ཉིན་ལྟར“དམངས་འཚོའི་སྐོར་གྱི་ཉིན་ཐོ”འཐུག་པོ་ཞིག་ཁྱེར་ནས་རང་གིས་དགའ་ཞེན་ཚད་མེད་བྱེད་པའི་ས་གཞིའི་ཐོག་དམངས་འཚོའི་ལས་ལ་བྲེལ་བཞིན་ཡོད་ཅིང་། ཁོང་ནི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྲི་ཆོད་པ་སངས་རེད། 1982ལོར་རང་ཀར་ཞུགས་ཚུན། བྱ་མ་གྲོང་ཚོར་འཕེལ་རྒྱས་ཆེན་པོ་བྱུང་བའི་གནས་ཚུལ་ཁོང་ངོ་མས་མཐོང་ཡོད། “མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བར་བྱ་རྒྱུ”ནི་ཁོང་གི་འདུན་པ་ཞིག་རེད་ལ་འབད་བརྩོན་བྱེད་ཕྱོགས་ཤིག་ཀྱང་རེད།

    ཧྲུའུ་ཅི་སྲི་ཆོད་པ་སངས་ཀྱི་སྐོར་གླེང་སྐབས་གྲོང་མི་ཚང་མས“དཀའ་ངལ་དང་གནས་ཚུལ་འཕྲད་པའི་དུས་སུ་ཁོང་ལ་ཞུས་ན་ཁོང་གིས་ངང་རྒྱུད་རིང་པོས་གསན་པ་དང་དེ་ནས་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཐུབ་ཐབས་གནང་གི་འདུག”ཅེས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་ཤོད་ཀྱི་ཡོད། གྲོང་ཚོ་དེའི་མི་ཧྲེང་རྒད་པོ་བསོད་ནམས་གཟུགས་གཞི་སྐྱོ་བའི་ཁར་ནད་གཞི་མང་ཞིང་། རྣམ་ཀུན་ཁྱིམ་མཚེས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། སྲི་ཆོད་པ་སངས་ཀྱིས་གནས་ཚུལ་དེ་གོ་ཐོས་བྱུང་རྗེས་རང་འགུལ་ངང་ཁོང་དང་གཉེན་འཚོལ་ཆ་སྒྲིག་བྱས་ཏེ་དངུལ་དང་། དངོས་རྫས། འབྲུ་རིགས་སོགས་བསྐྱལ་ནས་རང་ཉིད་ཀྱི་ཕ་མ་བཞིན་ལྟ་རྟོག་བྱས་པ་མ་ཟད། ད་དུང་ཤང་འཕྲོད་བསྟེན་ཁང་དང་འབྲེལ་བ་བྱས་ནས་རིན་མེད་སྨན་བཅོས་བྱས་པ་བརྒྱུད་བསོད་ནམས་ཀྱི་གཟུགས་གཞི་རིམ་བཞིན་ཐང་དུ་ཕྱིན་ཡོད། གྲོང་ཚོའི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི“ཁྲེབ་དུད”པ་སངས་ཀྱིས་ཐེངས་ཤིག་ཕྱུགས་རིགས་ལ་རིམ་འགོག་སྨན་ཁབ་རྒྱག་སྐབས་ངོ་རྒོལ་མཐར་ཕྱིན་བྱས། སྲི་ཆོད་པ་སངས་ཀྱིས་ཕྱོགས་གཅིག་ནས་པ་སངས་གྲོང་ཚོ་ཡོངས་ལ་ཕྱུགས་རིགས་ལ་སྨན་ཁབ་བརྒྱབ་རྗེས་འགྱུར་ལྡོག་བྱུང་མིན་ལ་ལྟ་བར་ཁྲིད་པ་དང་ཕྱོགས་གཞན་ཞིག་ནས་ཁོང་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས། པ་སངས་ཀྱི་སེམས་ནད་གཞི་ནས་སེལ་ཐུབ་པ་བྱུང་བ་རེད།

    སྲི་ཆོད་པ་སངས་ཀྱིས་དངུལ་སྤྱོད་ཆོག་མོད། འོན་ཀྱང་དངུལ་སྐར་མ་གཅིག་ཡིན་རུང་དེ་གནད་ལ་སྨིན་པ་ཞིག་སྤྱོད་དགོས་ཞེས་རྒྱུན་དུ་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་སྲི་ཆོད་པ་སངས་ཀྱིས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དེ་བཞིན་ཧྲུའུ་ཅི་དང་པོ་དང་མཉམ་དུ་འཕྲུལ་ཆས་བོགས་གཏོང་ཚད་ཡོད་ཀུང་སི་དང་། འབྲོག་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་། འབྲོག་དུད་སྤྲོ་སྐྱིད་ཁང་། བྱ་མ་བྱེ་ར་བཅས་བཙུགས་ནས་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཤིང་། 2014ལོའི་ལོ་མཇུག་ཏུ་བྱ་མ་གྲོང་ཚོར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1179བྱུང་བ་དང་མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་9730.8བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།