དབུ་ཤོག>གསར་འགྱུར།
  • ཁོར་ཡུག་གཙང་སྦྲར་དགའ་བའི་བུ་མོ་བདེ་སྐྱིད་གཡང་འཛོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-13

    ད་ལོ་ལོ་11ལ་སླེབས་པའི་བདེ་སྐྱིད་གཡང་འཛོམས་ནི་ལྷ་ས་གྲོང་ཁྱེར་ལྷ་ཀླུ་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་རེད།

    མ་གཞི་བདེ་སྐྱིད་གཡང་འཛོམས་ལོ་ན་ཆུང་ཡང་། ཁོ་མོའི་ལས་ཀ་བྱེད་སེམས་མི་རྒན་པ་ལས་ཞན་པ་མེད། བདེ་སྐྱིད་གཡང་འཛོམས་ནི་ལྷ་ཀླུ་སློབ་ཆུང་གི“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང”ཡིན་པ་དང་། ལས་ཀ་བྱེད་སྐབས་ཧ་ཅང་ཞིབ་ཚགས་པོ་ཡོད་པས། སློབ་གྲོགས་དང་སློབ་མའི་ཁྱིམ་བདག་ཚང་མས་ཁོ་མོར་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད།

    བདེ་སྐྱིད་གཡང་འཛོམས་ཀྱིས“‘ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང’ཞེས་པ་ནི་ཁོར་ཡུག་སྐྱོང་མཁན་རེད། ངས་རང་དཔེ་གཞན་སྟོན་ངང་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་དངོས་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ཚང་མར་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    བདེ་སྐྱིད་གཡང་འཛོམས་ནི་དཔའ་ངར་ཆེ་བའི་བུ་མོ་ཞིག་ཡིན་ཞིང་། རྒྱུན་དུ་འཚོ་བའི་ནང་མི་གཞན་ལ་སྐྱོན་བརྗོད་ཕོད་པ་མ་ཟད། མི་གཞན་གྱི་ནོར་འཁྲུལ་ཡོ་སྲོང་རོགས་བྱེད་ཀྱི་ཡོད།

    “ལས་ཀ་དེ་དག་ཕུད། ‘ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང’གིས་ད་དུང་ལས་ཀ་གཞན་དག་ག་རེ་བྱེད་ཀྱི་ཡོད་དམ”ཞེས་གསར་འགོད་པས་བདེ་སྐྱིད་གཡང་འཛོམས་ལ་དྲིས་པས། “མི་གཞན་གྱིས་དབྱུཌ་པའི་གད་སྙིཌ་སྒྲུག་པ་དང་གད་སྙིཌ་དབྱུཌ་མཁན་ལ་གད་སྙིཌ་གང་བྱུང་དུ་དབྱུཌ་མི་ཆོག་ཅེས་ལབ་ཀྱི་ཡོད”ཅེས་ཟེར་གྱི་འདུག

    གསར་འགོད་པས་ཡང“མི་གཞན་གྱིས་ཁ་ལ་མ་ཉན་ན་ཅི་འདྲ་བྱེད”ཞེས་དྲིས་པས། ཁོ་མོས“མི་མང་ཆེ་བས་ཁ་ལ་ཉན་གྱི་འདུག གང་ལགས་ཤེ་ན། ཁོར་ཡུག་གཙང་མར་མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད། འཚོ་བ་སྐྱིད་པོ་སྐྱེལ་ཐུབ་ཆེད། ཚང་མས་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། དེ་སྔ་སློབ་མ་ཁག་གཅིག་གི་ཁྱིམ་བདག་ཚོས་སློབ་གྲྭའི་སྒོ་འགྲམ་དུ་བུ་ཕྲུག་སློབ་གྲྭ་གྲོལ་རྒྱུར་སྒུགས་ནས་སྡོད་སྐབས་ཀྭ་ཙེའི་པཌ་པ་དང་ཁ་ལུད་གང་བྱུང་དུ་དབྱུག་གི་འདུག ང་ཚོས་ནན་བཤད་བྱས་རྗེས་ཁོང་རྣམ་པ་ཚོས་ལེཌ་བཅོས་གནང་གི་འདུག ད་ཆ་སློབ་གྲྭའི་སྒོ་འགྲམ་དུ་གཙང་སྦྲ་དོད་དུ་ཕྱིན་ཡོད”ཅེས་ཟེར་གྱི་འདུག

    བདེ་སྐྱིད་གཡང་འཛོམས་ཀྱིས་གནས་ལུགས་ཡོད་པའི་སྐད་ཆ་གོ་རིམ་ལྡན་པའི་ངང་བཤད་པར་གསར་འགོད་པ་ཡིད་མོས་པར་གྱུར་ཞིང་། “ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཡག་པོ་དེ་འདྲ་ཡོད་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་རྒྱུས་མངའ་ཆེན་པོ་དེ་འདྲ་ཡོད་པ་དེ་དག་གང་ནས་སྦྱངས་པ་ཡིན་མིན་ནམ”སྙམ་བྱུང་།

    དེས་ན། ཁོ་མོར་སྐད་ཆ་དྲིས་པས། ལྷ་ཀླུ་སློབ་ཆུང་གིས་དགེ་རྒན་སྒྲིག་འཛུཌ་བྱས་ནས་ལོ་རིམ་མི་འདྲ་བར་གཞིར་བཟུང་སློབ་མར་སློབ་གཞི་རྩོམ་སྒྲིག་བྱས་ཤིང་། གཟའ་འཁོར་ཆ་ཡ་ཕྱེ་ནས་སློབ་ཕྲུག་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་ཤེས་བྱུང་།

    ཆར་པ་བབས་ནའང་འདྲ། རླུང་བུ་ལྡང་ནའང་འདྲ། གང་ལྟར་བདེ་སྐྱིད་གཡང་འཛོམས་ཀྱིས་ཉིན་ལྟར་སློབ་གླུ་ལེན་བཞིན་དགའ་སྤྲོའི་ངང“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང”གི་འགན་འཁྲི་ལག་ལེན་བསྟར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།