དབུ་ཤོག>གསར་འགྱུར།
  • སྟོན་དུས་སུ་སི་ཁྲོན་རྔ་པའི་གཟི་ཚ་སྡེ་དགུ་དང་གསེར་མཚོའི་ཡུལ་ལྗོངས་ཧ་ཅང་མཛེས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-11-13

    བ་མོ་བབས་ནས་སྟོན་མཇུག་ཏུ་སླེབས་པའི་དུས་འདིར། འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཏེ། སི་ཁྲོན་གྱི་གཟི་ཚ་སྡེ་དགུ་དང་གསེར་མཚོའི་ཡུལ་ལྗོངས་ཁུལ་དུ་ལོ་གཅིག་དུས་བཞིའི་དུས་ཚིགས་མཛེས་ཤོས་ཤར་ཡོད་པ་རེད།

    ཡུལ་ལྗོངས་ཁུལ་དུ་སྐྱོད་སྐབས་ཚོན་མདོག་རྣམ་པར་བཀྲ་བ་རྒྱལ་ཁམས་ཤིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་ཟབ་མོ་ཡོང་ཞིང་། ཚོས་གཞི་སྣ་ཚོགས་ཀྱིས་བརྒྱན་པའི་ནགས་ཁྲོད་དུ་གྲམ་ནས་ཆགས་པའི་མཚེའུ་དང་། རྦབ་ཆུ། འཇའ་ཟུག་པའི་རྫིང་བུ། གནའ་བོའི་གྲོང་སྡེ་བཅས་ལས་ལྷ་ཡུལ་ལྟ་བུའི་ཡུལ་ཁམས་ཤིག་གྲུབ་ཡོད།

    འདི་ནི་ཡུལ་སྐོར་བ་མང་པོས་གསེར་མཚོའི་སྐས་རིམ་སྟར་ཆགས་ཀྱི་ཚོན་མདོག་སྣ་ལྔའི་རྫིང་བུར་ལྟ་བའི་གནས་ཚུལ་ཡིན་པ།

    འདི་ནི་ཡུལ་སྐོར་བ་མང་པོས་གཟི་ཚ་སྡེ་དགུའི་སྟོན་ཀའི་མཛེས་ལྗོངས་ལ་ལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།