ཀུན་སྤྱོད་དཔེ་བཟང་གིས་སྐད་གྲགས་མེད་པའི་ངང་ལེགས་སྐྱེས་འབུལ་བ་དང་མི་དམངས་ལ་བརྩེ་སེམས་འཆང་བའི་མི་གཤིས་བཟང་པོ་དེ་མངོན། ཀུན་སྤྱོད་དཔེ་བཟང་གི་བླ་ན་མེད་པའི་སྙིང་སྟོབས་ཀྱིས་མི་གཞན་ལ་ཤུགས་རྐྱེན་ཐེབས་པ་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་ཐུབ་ལ། དུས་རབས་གསར་པའི་འཛུགས་སྐྲུན་པ་ཞིག་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་བསྟར་མཁན་ཞིག་ཀྱང་བརྩོན་ལེན་བྱེད། དགེ་རྒན་དགའ་བློ་ཡང་དེའི་གྲས་ཤིག་རེད།
དགེ་རྒན་དགའ་བློ་ནི་ཀུན་སྤྱོད་ལ་མཐོང་ཆེན་བྱེད་མཁན་ཞིག་དང་། སློབ་མར་རང་ཉིད་ཀྱི་བུ་ཕྲུག་ལྟར་བརྩེ་བ། དབུལ་སྐྱོར་གཞན་རོགས་བྱས་ནས“དབུལ་པོའི་སློབ་མའི་ཡིག་ཚགས”བཟོས་ནས་སློབ་མ་30ལྷག་ཙམ་ལ་མ་དངུལ་བཏང་ཏེ་སློབ་གནས་ལེགས་གྲུབ་བྱུང་བ། ནམ་རྒྱུན་ནས་རང་ཉིད་ཀྱི་སྦྱངས་པའི་ཤེས་བྱ་རྣམས་བེད་སྤྱད་ནས་ལས་བཟོ་པ་དང་མཐའ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཚོར་སྤྲོ་སེམས་འཁོལ་པོས་རོགས་རམ་བྱས་པས་ཀུན་གྱིས“གཅེས་སེམས་ཅན་གྱི་དགེ་རྒན”ཞེས་འབོད་ཀྱི་ཡོད། ད་དུང་ཁོང་གིས་སྦས་གསང་གཅིག་ཀྱང་མེད་པའི་སྒོ་ནས་རང་ཉིད་ཀྱི་སློབ་ཁྲིད་མྱོང་ཚོར་དང་བསམ་ཚུལ་དག་དགེ་རྒན་གཞན་ལ་ངོ་སྤྲོད་བྱེད་པ་མ་ཟད། ཁོང་གིས་དགེ་རྒན་གཞན་གྱི་སློབ་ཁྲིད་བྱེད་སྟངས་སོགས་ལ་རོགས་སྐྱོར་བྱས་པས་ཁུལ་དེའི་དགེ་རྒན་5 རྩེར་སོན་གྱི་སློབ་ཁྲིད་བྱེད་མཁན་དུ་ཆགས་ཡོད་པ་དང་། འཛིན་གྲྭའི་ཀྲུའུ་རེན་8“འཛིན་གྲྭ་དོ་དམ་བྱེད་མཁན་འཇོན་ཐང་ཅན”དུ་ཆགས་ཡོད་པ་རེད། ཁོང་ནི་དགེ་རྒན་དཀྱུས་མ་ཞིག་ཡིན་ཀྱང་། དགེ་རྒན་མང་པོ་འདི་འདྲ་གསོ་སྐྱོང་བྱས་ཡོད་པ་མ་ཟད། ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱ་གཞག་གཏོད་ཡོད་པ་དེར་ང་ཚོས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ད་དུང་སྒེར་དོར་གཞན་སྒྲུབ་དང་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་སྙིང་སྟོབས་དང་། ཡ་རབས་ཀྱི་སྤྱོད་བཟང་བཅས་ལ་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་རེད།
དགེ་རྒན་དགའ་བློས་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་ཡ་རབས་ཀྱི་སྤྱོད་བཟང་དང་།ལྷག་བསམ་རྣམ་དག་གིས་མི་གཞན་ལ་བསྟུན་པ། ལས་གནས་ལ་ལེགས་སྐྱེས་འབུལ་བ། ཧུར་བརྩོན་ཆེན་པོས་ལས་དོན་སྒྲུབ་པའི་ལས་རིགས་སྤྱོད་ལམ་སོགས་ལས་མི་ཡུལ་གྱི་བརྩེ་སེམས་མཚོན་པར་བྱེད་ལ། སྤྱི་ཚོགས་ལ་སེམས་འགུལ་ཐེབས་ཡོད་པ་མ་ཟད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྗོང་དུ་དྲོ་སྐྱིད་སྦྱིན་ཡོད།
སྨྱུག་འཛིན་པས་གཅེས་སེམས་ཅན་གྱི་དགེ་རྒན་དགའ་བློ་ལ་བསྔགས་བརྗོད་བྱེད་འདོད་དེ། ཁོང་གིས་སྒེར་དོར་གཞན་སྒྲུབ་དང་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་སྙིང་སྟོབས་དེར་བསྔགས་བརྗོད་བྱེད་ལ། ཁོང་གི་དཔེ་མཚོན་གྱི་བྱས་རྗེས་ལ་བསྔགས་བརྗོད་བྱེད། དེ་བས་ཁོང་གིས་ཆེས་བབ་ཆགས་པའི་གཤིས་བརྒྱུད་བཟང་པོ་དེར་བསྔགས་བརྗོད་བྱེད།