དབུ་ཤོག>གསར་འགྱུར།
  • འབྱོར་འབྲིང་སྤྱི་ཚོཌ་ཕྱོཌ་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་གླེང་ཐེངས་དགུ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-11-12

    གལ་སྲིད་རང་རེའི་རྒྱལ་ཁབ་འདི་ཀྲུང་ཧྭ་རྟགས་ཅན་གྱི་མེ་འཁོར་ལྟ་བུར་བརྩིས་ན་ཏང་གི་འགོ་ཁྲིད་དེ་མེ་འཁོར་གྱི་མགོ་ལྟ་བུ་རེད། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། སྟངས་འཛིན། སྣེ་ཁྲིད་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འགོ་ཁྲིད་པའི་འདུ་ཤེས་དང་། སྒྲིག་གཞི། བྱེད་ཐབས་དང་བྱ་ཐབས་བཅས་གསར་གཏོད་བྱས་ཏེ་ཁ་ཕྱོགས་སྟངས་འཛིན་དང་། ཁྱོན་ཡོངས་ལ་འཆར་འགོད། འཐབ་ཇུས་འདོན་པ། སྲིད་ཇུས་བཟོ་བ། སྒྱུར་བཅོས་ལ་སྐུལ་གཏོང་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གྲུ་གཟིངས་དེས་རླུང་རླབས་གཤགས་ནས་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    “རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་མ་ཡག་པོ་གཏོང་དགོས”ཞེས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་འགོ་ཁྲིད་པའི་ལས་ཀའི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་སྐུལ་སློང་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པ། ཤེས་ལྡན་པ་སྟོབས་ལྡན་གྱི་རྒྱལ་ཁབ་གང་མགྱོགས་བསྐྲུན་པ། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་གྲོས་འགོའི་དམིགས་ཚད་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་སོགས་ཕྱོགས་དྲུག་ཐད་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཤུགས་རྒྱག་ས་ཁ་གསལ་བཟོས་པས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱས་ཁར་དུས་བབ་གསལ་རྟོགས་དང་། ཡིད་ཆེས་བརྟན་གཏོང་། དཀའ་སྤྱད་འབད་འཐབ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་ཡོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འགན་ལེན་བྱེད་དགོས།

    འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་ཞིང་། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཨང་གཉིས་པ་ཡིན་པའི་ཀྲུང་གོའི་ཁ་ལོ་ཡག་པོ་བསྒྱུར་ཐུབ་མིན་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་མིན་གྱི་འགག་རྩ་ནི་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པར་རག་ལས་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པར་ཏང་གི་འགོ་ཁྲིད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས།

    ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་མུ་མཐུད་བྱེད་རྒྱུ་ལས་ཚར་བའི་དུས་མེད། ད་ཆ་རང་རྒྱལ་གྱི་འཕེལ་རྒྱས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་སོང་བ་དང་། ལས་བགོས་ཉིན་བཞིན་ཚགས་ཚུད་བྱུང་བ། འཛིན་སྟངས་སྔར་བས་རིམ་པ་མཐོ་བ། རྒྱལ་སྤྱི་རྒྱལ་ནང་གི་མཉམ་སྒུལ་སྔར་བས་དམ་ཟབ་བཅས་ཡིན་པར་བརྟེན་ཏང་གིས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། དུས་བབ་ལ་དབྱེ་ཞིབ་དང་ཐབས་ཇུས་འགོད་པ་གང་ཞིག་ཡིན་རུང་ཚང་མར་ཆེད་ལས་ཀྱི་བསམ་གཞིག་དང་། ཆེད་ལས་ཀྱི་བྱང་ཚད། ཆེད་ལས་ཀྱི་བྱ་ཐབས་བཅས་ཡོད་དགོས། རང་སྣང་གིས་ཐག་གཅོད་པ་དང་སྲིད་འཛིན་གྱི་བཀའ་འབེབས་སམ་ཡང་ན་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་ལས་བརྒལ་ནས་དམིགས་བསལ་གྱི་སྲིད་ཇུས་གཏན་འབེབས་བྱེད་པའི་བྱེད་ཐབས་གང་རུང་ཚང་མ་དུས་བབ་གསར་པ་དང་ལས་འགན་གསར་པའི་དགོས་མཁོ་དང་འཚམ་དཀའ་བས་ངེས་པར་དུ་ལེགས་བཅོས་བྱེད་དགོས།

    དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་ཆེ་རུ་གཏོང་བར་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུར་སྔར་བས་དོ་སྣང་བྱས་ནས་ཐབས་ཇུས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་རིག་མཛོད་དང་ཆེད་ལས་ཞིབ་འཇུག་སྒྲིག་གཞིའི་ནུས་པ་འདོན་རྒྱུར་དོ་སྣང་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་ནུས་ཆེ་རུ་གཏོང་བ་དང་། བཟོས་པའི་འཐབ་ཇུས་གལ་ཆེན་དང་བཏོན་པའི་སྲིད་ཇུས་གལ་ཆེན་དག་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འཚམ་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་དེ་བས་རང་འགུལ་ངང་སྤྱད་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་མ་གཏོང་བ། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་ཁྲིམས་ལྟར་དཔལ་འབྱོར་བཅོས་སྐྱོང་དང་། ཁེ་ཕན་གྱི་གནད་དོན་སྣ་ཚོགས་ཁྲིམས་ལྟར་མཐུན་སྦྱོར་དང་ཐག་གཅོད་བྱས་ནས་མི་མངོན་པའི་རྐྱེན་ངན་མི་ཐོན་པ་བྱེད་དགོས། ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ལས་ཀའི་སྒྲིག་གཞི་དང་ལམ་སྲོལ། བྱེད་ཐབས་དང་བྱ་ཐབས་གསར་གཏོད་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་དང་བདེ་སྡུག་དུས་ཐོག་ཏུ་ཤེས་རྟོགས་དང་། མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གྱི་གནད་དོན་དང་དངོས་ཡོད་ཁེ་ཕན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

    ཏང་གི་འགོ་ཁྲིད་ནི་དོན་སྤྱི་མིན་པར་དངོས་ཡོད་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་སེམས་དང་ལག་བསྟར་བྱེད་ནུས་མེད་ཚེ་སྲིད་ཇུས་དང་བྱ་ཐབས་ཇི་ཙམ་ཡག་པོ་ཡོད་རུང་སྟོང་ཟད་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང“ནན་གསུམ་དྲང་གསུམ”ལག་ལེན་བསྟར་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་བློ་སྟོབས་ཆེ་རུ་བཏང་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    ལོ་རྒྱུས་ཀྱི་འགན་འཁྲི་གསར་པའི་མདུན་དུ་ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱས་ཚེ། ང་ཚོས་ཆེས་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་འགན་ལེན་ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་རྒྱུ་མངོན་འགྱུར་བྱེད་ཐུབ་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།