མི་ཚོས་རྣམ་ཀུན་ཐ་མག་ནང་གི་དུག་ཤེད་ངོ་སྤྲོད་བྱེད་སྐབས། ཉི་ཀུ་ཏིང་འདྲེས་ཡོད་ཅེས་བརྗོད་ཀྱི་ཡོད། དོན་ངོ་མར་དེ་ནི་རྡོ་ཐའི་ནང་དུ་དུག་ཤེད་ཡོད་པའི་བུལ་ཏོག་ངོ་བོའི་རྒྱུ་ཆ་ཞིག་རེད། ཉི་ཀུ་ཏིང་ཞེས་པ་ནི་ཧྥ་རན་སིའི་མི་ཞིག་གི་མིང་ཡིན་པ་དང་། མི་དེས་ཕུའུ་ཐའོ་ཡ་རྒྱལ་ཁབ་ཏུ་གཞུང་ཚབ་སྒྲུབ་རིང་། ཡུལ་དེ་གའི་མི་ཚོས་སྐྱེ་དངོས་ཤིག་གི་དུ་བ་བརྔུབས་པ་སོགས་ལས། ནད་གཞི་ཕོག་པའམ་ཐ་ན་རྐྱེན་ལམ་དུ་ཤོར་བའི་སྣང་ཚུལ་དེ་ལ་ཡ་མཚན་ཆེན་པོ་སྐྱེས་པ་རེད། དེ་ནས་ཁོ་པས་སྐྱེ་དངོས་དེ་ཧྥ་རན་སིར་ཁྱེར་ནས་ཞིབ་འཇུག་བྱེད་སྐབས། རྡོ་ཐ་དེའི་ནང་དུ་བུལ་ཏོག་ངོ་བོའི་འདུས་ཚད་ཧ་ཅང་མཐོ་པོ་ཡོད་པས། དུག་རྒྱུ་དེ་ཡིས་འབྲས་སྐྲན་གྱི་ནད་གཞི་སློང་བ་དང་། དབུགས་ལམ་གཉན་ཚད། དབུགས་འཚང་ནད་གཞི། སྙིང་ནད་སོགས་ཀྱི་ན་ཚ་བཟོ་མཁན་དུག་ལྡན་རྒྱུ་ཆ་ཞིག་ཡིན་པ་ཡོངས་སུ་རྟོགས། མི་རྣམས་ཀྱིས་ཁོང་གི་བྱས་རྗེས་དེ་ལ་དྲན་གསོ་ཞུ་ཆེད། རྡོ་ཐའི་ནང་གི་བུལ་ཏོག་རྒྱུ་ཆ་དེ་ལ་ཉི་ཀུ་ཏིང་ཞེས་པའི་མིང་དེ་བཏགས་པ་ཡིན་ནོ།