སྒེར་གྱི་ཆ་འཕྲིན་ནམ་ཡང་ན་གསང་བའི་ཨང་རྟགས་བླུག་དགོས་པའི་ཤོག་ཆག་རིགས།
ཤོག་ཆག་ལེན་སྐབས། དཔེར་ན་མིང་དང་། ལག་ཐོགས་ཁ་པར་གྱི་ཨང་གྲངས། དངུལ་འཛིན་གྱི་ཨང་གྲངས་བཅས་བླུག་དགོས་པའི་ཤོག་ཆག་ནི་ཁ་བསླུས་རྒྱག་པ་ཞིག་རེད། ཤོག་ཆག་ཁ་འབྱེད་སྐབས། གསང་བའི་ཨང་རྟགས་བླུག་དགོས་ན་ཁ་འབྱེད་རྒྱུ་མེད། སྐད་འཕྲིན་ཤོག་ཆག་ངོ་མ་ཡིན་ན། རེག་པ་ཙམ་གྱིས་ལེན་ཐུབ་པ་མ་ཟད། སྐད་འཕྲིན་གྱི་དངུལ་ཁུག་ནང་ཉར་གྱི་ཡོད་པ་དང་། སྒེར་གྱི་ཆ་འཕྲིན་འབྲི་དགོས་པ་སོགས་ཀྱི་རྙོག་དྲ་གང་ཡང་མེད།
མཉམ་སྤྱོད་ལུང་སྦྲེལ་བྱས་ཚེ་གཞི་ནས་ཐོབ་པའི་ཤོག་ཆག་རིགས།
གྲོགས་ཚོམ་ནང་དུ་མཉམ་སྤྱོད་བྱེད་པའི་ཤོག་ཆག་སྟེ། ཁ་པར་གྱི་རྒྱུན་ཚད་སྤྲོད་པ། གཟིགས་སྐྱོང་འཛིན་ཤོག་སྤྲད་རྒྱུ་ཡིན་ལུགས་སོགས་འཕྲལ་དུ་ལུང་སྦྲེལ་བྱེད་སྐབས། སྐད་འཕྲིན་སྤྱི་རྟགས་ལ་དོ་སྣང་བྱེད་དགོས་པ་དང་དོ་སྣང་བྱས་རྗེས་ཡང་གྲོགས་པོར་མཉམ་སྤྱོད་བྱེད་དགོས་པའི་ཤོག་ཆག་དེ་རིགས་ནི་ཚུལ་མིན་ཚོང་པ་ཁ་ཤས་ཀྱིས་ཤོག་ཆག་རྫུན་མ་བཏང་བ་ཞིག་ཡིན་པས། དུས་ཚོད་འཕྲོ་བརླག་དང་གྲོགས་པོར་མགོ་སྐོར་གཏོང་བའི་རྒྱུར་འགྱུར་སྲིད་པས། ཐད་ཀར་གཡས་ཟུར་གྱི་ཐེར་འདོན་ཞེས་པ་མནན་ནས་ཐེར་འདོན་བྱེད་དགོས།
དངུལ་འབོར་མང་དུ་འགྲོ་ཐུབ་ཅེས་པའི་ཤོག་ཆག་རིགས།
“ཁྱེད་ལ་རླུང་རྟའི་ཤོག་ཆག་ཅིག་བསྐུར་ཡོད། གྲོགས་པོ་གདན་འདྲེན་ཞུས་ནས་མཉམ་དུ་ཧབ་ཐོབ་རྒྱག་དགོས། གྲོགས་པོས་བླངས་རྗེས་དངུལ་འབོར་མང་དུ་འགྲོ་སྲིད། ཡིན་ན་ཡང་སྒོར་བརྒྱ་ལོན་རྗེས་གཞི་ནས་གོ་ཆོད”ཅེས་གྲོགས་ཚོམ་ནང་ཧབ་ཐོབ་བརྒྱབ་རྗེས་དངུལ་གྲངས་ངེས་ཅན་ཞིག་ལོན་པ་དཔེར་ན་སྒོར་བརྒྱ་ལོན་ན་གཞི་ནས་གོ་ཆོད་པའི་རེ་བ་འདོན་གྱི་ཡོད། རིགས་གཅིག་མཁས་ཅན་གྱིས་རྩེད་མོ་དེ་རིགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
སྒོར“666”དང་སྒོར“999”ཡོད་པའི་ཤོག་ཆག་རིགས།
སྐད་འཕྲིན་ཤོག་ཆག་གི་དངུལ་གྱི་གྲངས་ཚད་ནི་སྒོར་200རེད། གལ་ཏེ་སྒོར“666”དང་སྒོར“888”ཡོད་པའི་ཤོག་ཆག་ཡིན་ན། མགོ་སྐོར་གཏོང་བ་ཞིག་ཡིན་པས་ཧབ་ཐོབ་རྒྱག་དུས་ཡིད་གཟབ་བྱེད་དགོས།
“AA”ཡི་ཤོག་ཆག་རིགས་ལ་ཡིད་གཟབ་བྱེད་དགོས།
“AAཡི་ཤོག་ཆག”སྐོར་ལ་ལས་སྒོའི་མི་སྣས། ཤོག་ཆག་དེ་རིགས་ཀྱིས་སྐད་འཕྲིན“དངུལ་སྤྲོད་རྒྱུ”དང“དངུལ་སྨར་ཕྱག་རྟགས”སོགས་ཀྱི་ཡི་གེ་བྲིས་ཏེ་འཛད་སྤྱོད་པར་ཤོག་ཆག་ངོ་མ་དང་ནོར་དུ་བཅུག་པ་ཞིག་རེད་ཅེས་བཤད། སྐད་འཕྲིན་ཤོག་ཆག་ལ་དེ་རང་གི་ལི་ཧང་མདོག་གི་ངོས་ཤིག་ཡོད་པས། AAདངུལ་ལེན་ནང་འཛུལ་དགོས་མེད།