དབུ་ཤོག
  • རྒྱལ་ཁབ་ཀྱི་རིན་མེད་སྤྱི་པའི་བདེ་ཐང་ཞབས་ཞུའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    བདེ་ཐང་སློབ་གསོའི་ཞབས་ཞུས་བདེ་ཐང་ལ་ཕན་པ་གང་ཞིག་ཡོད་དམ།

    དྲིས་ལན། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་དོན་མི་སྣས་བདེ་ཐང་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། ཡུལ་མིས་བདེ་ཐང་ལ་ཤུགས་རྐྱེན་ཕོག་སྲིད་པའི་བྱ་སྤྱོད་ཤེས་རྟོགས་དང་། ནད་རིགས་འབྱུང་རྐྱེན་དང་འགོ་ཁྱབ་འགྲོ་བའི་ཤེས་བྱ་ཤེས་རྟོགས་ཐུབ་ནས། ཡུལ་མིས་བདེ་ཐང་གི་འདུ་ཤེས་བཅངས་ཏེ། བདེ་ཐང་མིན་པའི་འཚོ་བའི་སྤྱོད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། རང་འགུལ་ངང་བདེ་ཐང་ལ་ཕན་པའི་བྱ་སྤྱོད་དང་འཚོ་བའི་སྤྱོད་སྟངས་དང་ལེན་ནམ་གོམས་འདྲིས་ཆགས་པར་བྱས་ནས། བདེ་ཐང་ལ་ཤུགས་རྐྱེན་ཕོག་པའི་ཉེན་ཁའི་རྒྱུ་རྐྱེན་དམའ་རུ་གཏོང་ཐབས་སམ་སེལ་ཐབས་བྱས་ཏེ། ནད་རིགས་སྔོན་འགོག་དང་། བདེ་ཐང་ལ་སྐུལ་འདེད། ཚེ་སྲོག་གི་སྤུས་ཚད་གོང་མཐོར་གཏོང་བའི་དམིགས་ཡུལ་སྒྲུབ་ཐུབ་ཀྱི་ཡོད།

    བདེ་ཐང་སློབ་གསོའི་ཞབས་ཞུ་སྤེལ་ཡུལ་སུ་ཡིན་ནམ།

    དྲིས་ལན། བདེ་ཐང་སློབ་གསོའི་ཞབས་ཞུ་སྤེལ་ཡུལ་ནི་སྡེ་ཁུལ་ཁོངས་གཏོགས་ཀྱི་ཡུལ་མི་ཚང་མ་ཡིན་ལ། དེའི་ནང་དུ་ཐེམ་ཐོ་སྡེ་ཁུལ་ཁོངས་སུ་ཡོད་པ་དང་མེད་པའི་ཡུལ་མི་ཚང་མ་ཚུད་ཡོད།

    གཙོ་གནད་ནད་རིགས་ཀྱི་བདེ་ཐང་སློབ་གསོར་གཙོ་བོ་གང་དག་ཡོད་དམ།

    དྲིས་ལན། གཞི་རིམ་སྨན་དོན་མི་སྣས་སྡེ་ཁུལ་ཁོངས་གཏོགས་ཡུལ་མིའི་གཙོ་གནད་ནད་རིགས་ཐོན་ཚུལ་དང་ཁྱབ་རྒྱ། ནད་རིམས་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བདེ་ཐང་གི་སློབ་གསོ་སྤེལ་བ་སྟེ།

    ① ཁྲག་ཤེད་མཐོ་པོ་དང་གཅིན་སྙི་ཟ་ཁུའི་ནད། སྙིང་རྩའི་ནད། དབུགས་འཚང་ནད། གྲིབ་སྐྱོན་གྱི་ནད་བག་སོགས་རྒྱུན་མཐོང་དལ་བའི་ན་ཚར་འཚོ་བའི་སྤྱོད་སྟངས་དང་། ལུགས་མཐུན་གྱིས་སྨན་བེད་སྤྱོད། ལུས་རྩལ་གྱིས་བཅོས་ཐབས་སོགས་ཀྱི་ཐད་ལ་བདེ་ཐང་མཛུབ་ཁྲིད་བྱ་རྒྱུ་དང་།

    ② ནུ་མའི་ངན་འབྲས། མངལ་སྒོའི་ངན་སྐྲན་སོགས་བུད་མེད་ཀྱི་རྒྱུན་མཐོང་སྐྲན་ནད་ཀྱི་ཐད་ལ། རང་ངོས་ཀྱིས་དོ་ཁུར་དང་། ཡོངས་ཁྱབ་ཞིབ་གཤེར་ལ་ཞུགས་པ། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ནད་བརྟག་པ། ཧུར་བརྩོན་གྱིས་སྨན་བཅོས་བྱེད་དགོས་པ་སོགས་ཀྱི་བདེ་ཐང་སློབ་གསོ་སྤེལ་རྒྱུ།

    ③ འདུས་འདྲིལ་གཅོང་ནད། མཆིན་ཚད། ཨེ་ཙེ་སྟེ་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད། ཆམ་རིམས་སོགས་རྒྱུན་མཐོང་འགོས་ནད་ཁག་རྣམས་གཙོ་བོ་ངོས་འཛིན་དང་། ནད་རིགས་མ་འགོས་སྔོན་འགོག་བྱེད་ཐབས་སོགས་ནས་བདེ་ཐང་སློབ་གསོ་སྤེལ་རྒྱུ།

    བདེ་ཐང་སློབ་གསོ་སྤེལ་བ་བརྒྱུད། ཡུལ་མིས་ནད་རིགས་འདི་དག་ཤེས་རྟོགས་དང་ངོས་འཛིན་ཐུབ་པ་བྱས་ནས། ནད་རིགས་འདི་དག་ལ་སྔོན་ཚུད་ནས་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་བརྟག་དཔྱད། དུས་ཐོག་ཏུ་སྨན་བཅོས་བྱེད་པའི་དམིགས་ཡུལ་བསྒྲུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།