དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    ཚེས་6ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་འཚོགས་ཤིང་། ཚོགས་ཆེན་ཐོག་སྔོན་ཐོན་མཉམ་སྡེབ་48དང་སྔོན་ཐོན་མི་སྒེར་277ལ་གཟེངས་བསྟོད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་ཆེན་དུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བྱེད་སྒོར་ཞུགས་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཆབ་མདོར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། སློབ་གྲྭའི་དགེ་སློབ་སོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དང་། སྒྲིག་འཛུགས་དང་འགོ་ཁྲིད་ཡག་པོ་བྱས་པ། བཀོད་སྒྲིག་ཞིབ་ཚགས་བྱས་པ། ཇུས་གཞི་དང་བྱེད་ཐབས་ལག་ལེན་ཡག་པོ་བསྟར་བ། གཟུགས་བརྙན་མངོན་པར་བྱས་པ། རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་པ། བདེ་འཇགས་འགན་ལེན་བྱས་པ། སྤྱི་ཚོགས་དོ་དམ་ཚོད་འཛིན་ནན་པོ་བྱས་པ་མ་ཟད། ད་དུང་ཆབ་སྲིད་ཀྱི་འགན་ཁུར་ཕོད་པར་བྱས་པ་དང་། ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ། ལས་དོན་ཏན་ཏིག་སྤེལ་ནས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། སླད་ཕྱིན་ཆབ་མདོ་གྲོང་ཁྱེར་གྱིས་རྟེན་འབྲེལ་ཆེན་པོའི་བྱེད་སྒོའི་ཆབ་སྲིད་སྤྲོ་སེམས་དང་གྲུབ་འབྲས་ཐོན་པའི་ཉམས་མྱོང་དག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྙིང་སྟོབས་གལ་ཆེན་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན། སྲིད་ལ་བརྩོན་ནས་དམངས་དོན་སྒྲུབ་པའི་བྱ་སྤྱོད་ངོ་མ་བཅས་སུ་བསྒྱུར་རྒྱུ་དང་ཆབས་ཅིག རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ་གོ་སྐབས་དམ་འཛིན་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་ཀྱིས་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བསྟན་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་མིག་སྔའི་དུས་བབ་ནི་མི་རྣམས་མདུན་སྐྱོད་ལ་སྐུལ་བའི་དུས་རབས་ཞིག་ཡིན་པ་དང་ལས་འགན་ལྕི་ལ་ལམ་ཐག་ཀྱང་རིང་པོ་ཡོད། དེས་ན་ཚང་མས་སྤོབས་པ་དང་འཚབ་འཚུབ་མེད་པར། ཡང་འབད་བསྐྱར་འབད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སྙིང་རུས་ཆེན་པོས་བརྩོན་ལེན་བཅས་ཀྱིས་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ཡོང་བ་དང་། ཆབ་མདོའི་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ། གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།