དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ནོར་སྲིད་ཁ་གསབ་ཐད་ཀར་སྤྲོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    ཟླ་11ཚེས་5ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་གམ་པ་རྫོང་ལུང་གྲོང་ཤང་དུ་ནོར་སྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་ཞིང་ཕན་གཱ་བརྒྱུད་ནས་ཐད་ཀར་སྤྲོད་པའི་བྱེད་སྒོ་དང་འགོ་ཚུགས་མཛད་སྒོ་འཚོགས་པ་དེ་ཐོག་ནས་རང་ལྗོངས་ཀྱི་ནོར་སྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་ཞིང་ཕན་གཱ་བརྒྱུད་ནས་ཐད་ཀར་སྤྲོད་པའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།

    མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཉི་མ་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར། མིག་སྔར་རིམ་ཁག་ནོར་སྲིད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཁ་གསབ་རྣམ་གྲངས་མང་དུ་འགྲོ་བ་དང་བསྟུན་ནས་མ་དངུལ་ཁ་གསབ་བྱེད་ཚད་མང་དུ་བཏང་ཡོད། དེ་སྔ་ཐད་ཀར་དངུལ་སྤྲོད་པའི་བྱེད་ཐབས་དེར་དུས་ཚོད་མང་པོ་འགོར་བ་མ་ཟད། བདེ་འཇགས་ཐད་ཞན་ཆ་ཡང་གནས་ཡོད། ནོར་སྲིད་ཀྱི་ཁ་གསབ་ཁག་རྒྱལ་མཛོད་བརྒྱུད་དུས་ཐོག་དང་གྲངས་ཚང་ངང་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཆེད། 2012ལོའི་ཟླ་བ་བཅུ་གཉིས་པ་ནས་བཟུང་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་རྫོང(འགག་སྒོ)18དུ་ཞིང་ཕན་དངུལ་ལེན་ས་འཛུགས་པའི་ལས་དོན་སྤེལ་ཡོད། མིག་སྔར་གམ་པ་རྫོང་དུ་ཞིང་ཕན་གྱི་དངུལ་ལེན་ས་30བཙུགས་པ་དེ་དག་ཤང་གྲོང་5དང་སྲིད་འཛིན་གྲོང་ཚོ་29ལ་ཁྱབ་ཡོད། ནོར་སྲིད་མ་དངུལ་དངུལ་ཁང་གཱ་ཡི་ཐོག་ནས་ཐད་གསབ་བྱེད་པའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆ་རྐྱེན་འཛོམས་པར་བརྟེན་སྔོན་ལ་གམ་པ་རྫོང་དུ་ནོར་སྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་ཞིང་ཕན་གཱ་བརྒྱུད་ནས་ཐད་ཀར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་ཡོད།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དངུལ་སྤྲོད་ཁྲུའུ་ཡི་ཁྲུའུ་ཀྲང་ཡའོ་ཀྲུང་ཡུས་ཀྱིས་གོམ་སྟབས་རྗེས་མར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་ནོར་སྲིད་དང་ཐབས་མང་མཉམ་སྤྱོད་བྱས་ཏེ་ནོར་སྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་ཞིང་ཕན་གཱ་བརྒྱུད་ནས་སྤྲོད་པའི་ལས་དོན་ཁྱབ་གདལ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་ཕིང་གཅིག་ཀྱང་མ་ལུས་པར་དུས་ཐོག་དང་གྲངས་ཚང་ངང་ཞིང་འབྲོག་མང་ཚོགས་ཀྱི་གཱ་ནང་བླུགས་ནས་མཐའ་དར་དམངས་ཕན་སྲིད་ཇུས་དེ་ཞིང་འབྲོག་མང་ཚོགས་ཚང་མར་ཁྱབ་པ་བྱས་ཏེ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།