དབུ་ཤོག>གསར་འགྱུར།
  • སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱིའི་བླང་བྱ་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་གྱིས“སྟེགས་བུ་གཅིག་དང་། ཐུན་མོང་གཉིས། དེ་བས་ལེགས་པ་གསུམ”(སྲིད་གྲོས་དེ་ཉིད་སྟེགས་བུ་ཞིག་ཏུ་བརྩི་བ་དང་། ཚང་མས་ཐུན་མོང་ཐོག་གྲོས་མོལ་དང་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ། མི་རིགས་མཐུན་སྒྲིལ་དེ་བས་ལེགས་པ་དང་། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་དེ་བས་ལེགས་པ། མི་སེར་ཚོའི་འཚོ་བ་དེ་བས་ལེགས་པ)བཅས་ཀྱི་བླང་བྱ་གཞིར་བཟུང་ཏང་སྲིད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་གསར་འབྱེད་གསར་གཏོད་དང་དོན་གཉེར་ཡར་བརྩོན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    སྦྱངས་པ་གོ་ཆོད་ཀྱིས་བསམ་བློའི་རྨང་གཞི་བརྟན་པོ་བཙུགས་པ།

    ལོ་རེའི་ལོ་འགོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་འཆར་གཞི་དང་ཆེད་དོན་སློབ་གསོའི་བྱེད་སྒོའི་ཇུས་གཞི་ནན་ཏན་བཟོས་ཤིང་། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་དང་། བཞུགས་མོལ་གྲོས་བསྡུར། ཨུ་ཡོན་གསོ་སྦྱོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་གདན་དྲངས་ནས་བོད་དུ་ཟུར་ཁྲིད་འཆད་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས” ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སོགས་ཀྱི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་བྱེད་པ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་འབྲེལ་ཡོད་གསུང་བཤད་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ། སྲིད་གྲོས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་བཅས་བྱས་ཁར་སློབ་སྦྱོང་ལག་བསྟར་བྱས་ཚུལ་དུས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ལ་སྙན་སེང་ཞུས་ཡོད།

    ལོ་གཉིས་ལྷག་ཙམ་རིང་སྔ་རྗེས་སུ་ཟུར་ཁྲིད་འཆད་ཁྲིད་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ། ཨུ་ཡོན་གསོ་སྦྱོང་སོགས་དུས་ཐེངས་13གཉེར་ནས་ཨུ་ཡོན་མི་ཐེངས་1600ལྷག་ཙམ་དང་སྲིད་གྲོས་ཀྱི་ལས་བྱེད་པ་མི་ཐེངས་350ལ་གསོ་སྦྱོང་བྱས་ཡོད། བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་ཚོའི་ཆབ་སྲིད་ཀྱི་དད་སེམས་དང་། ཐུན་མོང་གི་ཕུགས་འདུན། རྩ་དོན་ལངས་ཕྱོགས། དམིགས་ཡུལ་འདུ་ཤེས་བཅས་ཆེ་རུ་ཕྱིན་ཡོད་ལ་གྲོས་མོལ་དམངས་གཙོ་དང་དམངས་ཆེད་འགན་སྒྲུབ་ཀྱི་བསམ་པ་དང་། གཟི་བརྗིད་བསམ་པ། འགན་འཁྲིའི་བསམ་པ་བཅས་ཀྱང་ཆེ་རུ་ཕྱིན་ཡོད།

    ལེགས་ཆ་འདོན་སྤེལ་གྱིས་དྲང་ནུས་གཅིག་ཏུ་སྒྲིལ་བ།

    སྐབས་རིམ་བྱུང་གི་སྲིད་གྲོས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་། རྒྱུན་ཨུའི་ཚོགས་འདུ་དེ་བཞིན་འབྲེལ་ཡོད་གལ་ཆེའི་ཚོགས་འདུ་བཅས་སུ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཚོགས་འདུའི་གྲོས་དོན་དུ་བཅུག་པའམ་ཡང་ན་གཙོ་གནད་ལས་དོན་དུ་བརྩིས་ནས་ཞིབ་འཇུག་བཀོད་སྒྲིག་བྱེད་པ་དང་འབྲེལ་ཚོགས་འདུའི་གྲོས་ཆོད་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་གྲོས་ཀྱི་གསུང་སྒྲ་དྲིལ་བསྒྲགས་དང་། ལངས་ཕྱོགས་རྣམ་འགྱུར་གསལ་སྟོན། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་ཀྱི་ཡོད།

    ལོ་གཉིས་ལྷག་ཙམ་རིང་། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་ཐད་ཀྱི“བྱ་ཐབས་ཆེན་པོ་ཁག་བཅུར”དམ་པོར་དམིགས་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་ལ་གཞིགས་ནས་ཨུ་ཡོན་སྒྲིག་འཛུགས་ཀྱིས་ལྟ་ཞིབ་བརྟག་ཞིབ་ཐེངས་26བྱས་པར་སྙན་ཞུ་ཁག་26གྲུབ་པ་དང་གྲོས་འགོ་ཁག་192བཏོན་ཡོད། གལ་ཆེའི་དུས་ཚོད་དང་། གལ་ཆེའི་དུས་ཚིགས། ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དུས་ཚོད་བཅས་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ལོ་ལྟར་ཀྲུའུ་ཞི་གཞོན་པ་5ནས་8བར་ཟུར་འཐེན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་གཙོ་གནད་ཁུལ་དང་། གཙོ་གནད་དགོན་པ། “མཐའ་གཉིས་ལམ་གཅིག”བཅས་སུ་བཅའ་སྡོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་གྱིས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ནས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད། ཆོས་ལུགས་ལས་རིགས་མི་སྣའི་ལེགས་ཆ་འདོན་སྤེལ་གྱིས་དགོན་སྡེའི“དྲུག་འཛུགས”དང་། “ཡོད་པ་དགུ” “ཆོས་ལུགས་ལས་དོན་དོ་དམ”སོགས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཙམ་མ་ཟད་རྒྱལ་ཁབ་རིམ་པར་ཐབས་དང་ཇུས་ཀྱང་བཏོན་ཡོད།

    ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་འགན་ནུས་བསྒྲུབས་པ།

    ལོ་གཉིས་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཁྲོན་བོད་ལམ་ཆེན་དང་། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་ཞུགས་པ། ནུས་རྒྱུ་གསར་པ། མཐའ་མཚམས་སློབ་གསོ། རིག་དངོས་སྲུང་སྐྱོབ། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》གསར་པ་ལག་བསྟར་དོན་འཁྱོལ་སོགས་ཀྱི་ཞིབ་འཇུག་བྱེད་གཞི་10ལྷག་ཙམ་བདམས་ནས་སྲིད་གྲོས་ཀྱི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བརྟག་ཞིབ་སྲིད་གླེང་བྱས་ཡོད།

    ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས“སྲུང་ཡོལ་བརྟན་གཏོང་དང་། ལམ་བུ་རྒྱ་སྐྱེད། རྟེན་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས། དཔེ་བཟང་གཏོད་པ། འདེགས་སྐྱོར་ཆེར་གཏོང་། སྒུལ་ཤུགས་འཕར་སྣོན”བཅས་ལ་དམིགས་ཏེ་ཐབས་དང་ཇུས་བཏོན་ཐོག་ཚན་རིག་དང་མཐུན་པའི་ངང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུར་ཐབས་དང་ནུས་ཤུགས་འདོན་སྤེལ་བྱས་ཡོད། རྒྱུན་རྣམ་གསར་པའི་འོག་གི་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འགྱུར་ལྡོག་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལ་ཞིབ་འཇུག་བྱས་ནས《ཚོགས་འདུའི་གསར་འགྱུར་གནད་བསྡུས》དང《སྲིད་གྲོས་ཀྱི་གནས་ཚུལ》སོགས་ཀྱི་ཐབས་ལམ་བརྒྱུད་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་900ལྷག་ཙམ་གོང་ཞུ་བྱས་ཡོད། སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་པ་དང་རང་འགུལ་ངང་རང་ལྗོངས་ཀྱི་སྒྱུར་བཅོས་ཀྱི་ལས་འགན་ཆེན་པོ་6འཁུར་བ་དང་། ལོ་གཉིས་ལྷག་ཙམ་རིང་ལས་དོན་ཚོགས་ཆུང་4སྒྲིག་འཛུགས་ཀྱིས་ཞིང་ཆེན(གྲོང་ཁྱེར)3དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དུ་བསྐྱོད་དེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས་སྙན་ཞུ་36དང་གནས་ཚུལ་དབྱེ་ཞིབ་བྱས་ཚུལ་གྱི་ཡིག་ཆ་25གོང་ཞུ་བྱས་པ་དང་ལམ་ལུགས་ཁག་6བཟོ་བཅོས་དང་གཏན་འབེབས་བྱས་དང་བྱེད་མུས་ཡིན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམ་པོར་དམིགས་པ་དང་དམངས་བདེ་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི“བྱ་བ་དངོས་ཁག་བཅུར”བརྟག་ཞིབ་ལྟ་ཞིབ་བྱ་རྒྱུར་དམིགས་ནས་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལྗོངས་ཡོངས་ཀྱི་ཨུ་ཡོན་2000དང་སྲིད་གྲོས་ཀྱི་ལས་བྱེད་པ་600ལྷག་ཙམ་སྐུལ་སློང་བྱས་ནས་གྲོང་ཚོར་བཅའ་སྡོད(གྲོང་ལྷན)ལས་ཀའི་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་ཏེ་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཡོད། རང་འགུལ་ངང་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལས་འགན་འཁུར་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང“4·25”ཡི་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་སྤེལ་བའི་ནང་ཞུགས་ཡོད།

    ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་འགན་སྒྲུབ་བྱེད་ཐབས་གསར་གཏོད་བྱས་པ།

    འགན་སྒྲུབ་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྲིད་གླེང་སྲིད་གྲོས་ཐད་བཀྲག་མདངས་འཚེར་ས་གསར་པ་ཡོད་པ་བྱས་ཡོད། ལོ་གཉིས་ལྷག་ཙམ་རིང་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་1དང་། ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་2 གྲོས་གཞི་དང་རིག་གནས་ལོ་རྒྱུས་སོགས་རྒྱུན་གཏན་རང་བཞིན་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་6བཅས་འཚོགས་ནས་སྲིད་གྲོས་ཀྱི་རྒྱུན་ཨུ་90དང་། ཨུ་ཡོན་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་500ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྲིད་གླེང་སྲིད་གྲོས་བྱས་པས་སྤྱི་ཡོངས་འགན་སྒྲུབ་ཀྱི་རྣམ་པ་ཞིག་ཆགས་ཡོད།

    གོང་འོག་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་ཀྱི་སྲིད་གྲོས་ཀྱི་ཨུ་ཡོན་གྲོས་མོལ་དང་། བརྟག་ཞིབ། ལྟ་སྐུལ། ཆ་འཕྲིན། དྲིལ་བསྒྲགས་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་པས“རིམ་བཞིའི་ཨུ་ཡོན”གྱི་མཉམ་འགུལ་འགན་སྒྲུབ་ཀྱི་རྣམ་པ་ཞིག་ཆགས་ཡོད། ཕྱི་ནང་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་གྱིས་སི་ཁྲོན་ཞིང་ཆེན་སྲིད་གྲོས་དང་མཉམ་དུ“ཁྲོན་བོད་ལམ་ཆེན་བསྐྲུན་རྒྱུའི”བརྟག་ཞིབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་སུ་མཉམ་འབྲེལ་བརྟག་ཞིབ་སྙན་ཞུ་ཕུལ་ཡོད། སྲིད་གྲོས་ལས་རིགས་དེ་ཉིད་དམངས་འདོད་ཐབས་ལམ་ཡིན་པའི་དམིགས་བསལ་ལེགས་ཆའི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་གུང་དང་སློབ་གསོ་སོགས་ལས་རིགས་ཨུ་ཡོན་གྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་8འཚོགས་པ་དང་བསམ་འཆར་དང་གྲོས་འགོ་100ལྷག་ཙམ་བསྡུ་རུབ་བྱས་ནས་ཏང་སྲིད་ཐབས་ཇུས་ཐད་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད།

    ལྟ་ཞིབ་བརྟག་ཞིབ་ལེགས་བཅོས་གསར་པ་བྱུང་བ། རང་ལྗོངས་ཀྱི་ཏང་སྲིད་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་བརྟག་ཞིབ་བྱ་རྒྱུར་བཟུང་ནས་ལྟ་ཞིབ་བརྟག་ཞིབ་དང་གཙོ་གནད་གྲོས་མོལ་བྱེད་སྒོ་ཕན་ཚུན་ཟུང་འབྲེལ་དམ་ཟབ་གང་ཐུབ་བྱས་ཡོད། ལོ་གཉིས་ལྷག་ཙམ་རིང་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)སྲིད་གྲོས་དང་འབྲེལ་ཡོད་ཕྱོགས་ཁག་གི་མཉམ་འབྲེལ་བརྟག་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་སྔ་རྗེས་སུ་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྣོད་བཅུད་ཤེས་དཔལ། སྤྱི་ཚོགས་བྱ་གཞག་བཅས་ལ་ལྟ་ཞིབ་བརྟག་ཞིབ་ཀྱི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་ཆ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་འབོར་ཆེན་བསྡུ་རུབ་དང་ལྟ་ཞིབ་བརྟག་ཞིབ་ཀྱི་སྙན་ཞུ་39གོང་ཞུ་བྱས་ནས་དམ་པ་དོན་གཉེར་དང་སྤྱོད་གོ་ཆོད་པའི་ཐབས་ཇུས་དང་གྲོས་འགོ་ཁག་གཅིག་བཏོན་པའི་ནང་མང་ཆེ་བར་གོང་རིམ་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་དང་ཁས་ལེན་ཐོབ་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་དོན་འཁྱོལ་བྱ་རྒྱུའི་ལས་འགན་སྤྲད་ཡོད།

    གྲོས་གཞི་སྒྲུབ་གཉེར་བྱ་རྒྱུར་ཕན་འབྲས་གསར་པ་ཐོན་པ། གྲོས་གཞིའི་གླེང་གཞི་གནད་ལ་འཁེལ་པོས་གདམ་རྒྱུར་གཞི་ཚུགས་ནས་ལོ་རེའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་མ་འཚོགས་གོང་འགན་ནུས་སྡེ་ཚན་དང་འབྲེལ་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་དང་། སྤྱི་ཚོགས་ཐོག་གླེང་མང་བ། མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཐོག་འཕྲལ་མར《ཨུ་ཡོན་ལ་སྤྲིངས་པའི་འཕྲིན་ཡིག་ཅིག》བསྐུར་ནས་གྲོས་གཞི་འདོན་མཁན་ལ་ཁུངས་སྣེ་དང་གྲོས་མོལ་གྱི་གླེང་གཞི་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཚོགས་པའི་ཁོངས་མིས་སྣེ་འཁྲིད་དེ་གཙོ་གནད་གྲོས་གཞི་སྒྲུབ་གཉེར་བྱ་རྒྱུར་ལྟ་སྐུལ་བྱས་ནས་གྲོས་གཞི་འདོན་མཁན་ཨུ་ཡོན་གྲོས་གཞི་གྲོས་མོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་སུ་བཅུག་སྟེ་གྲོས་གཞི་སྒྲུབ་གཉེར་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། འགན་འཁྲི་ཁག་བགོས་ཀྲུའུ་ཞི་གཞོན་པས་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ《སྔར་ལས་ལྷག་པའི་ངང་མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་གཉེར་བྱེད་པའི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་རང་ལྗོངས་ཀྱི《ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་བརྟག་ཞིབ་བྱས་ནས་དེའི་ཕྱོགས་བསྡུས་བརྟག་ཞིབ་སྙན་ཞུ་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་མཆན་འགོད་བརྒྱུད་འགྲེམས་བྱེད་ཀྱི་ཡོད།

    འགན་སྒྲུབ་སྤྱོད་ཚུལ་ལེགས་སུ་ཕྱིན་པ། སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོའི་ལྟེ་བའི་ནང་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་གོང་རིམ་གྱིས་འོག་རིམ་གྱི་སྣེ་འཁྲིད་དེ་ཏང་གི་སློབ་ཚན་ཁྲིད་པ་དང་། གནད་དོན་བཙལ་འཚོལ་བྱེད་པ། དག་ཐེར་དོན་འཁྱོལ་བཅས་བྱས་ནས་བརྟན་ལ་གོ་རིམ་ལྡན་པའི་ངང་སློབ་གསོའི་བྱེད་སྒོ་སྤེལ་ཏེ་བྱེད་སྒོ“ང་བཤད་ད་པ”དང“གཡོ་ཟོལ་མེད་པ”“ཡོ་འཁྱོག་མེད་པ”“ཕྱི་ཚུལ་ཙམ་མི་བྱེད་པ”བཅས་ཡོང་བའི་འགན་ལེན་བྱས་པས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”དང་དེ་བཞིན་ལྗོངས་སྲིད་གྲོས་ཀྱི“ཞིབ་ཕྲའི་བྱ་ཐབས”ལག་ལེན་ནན་པོ་བསྟར་བས་ཏང་ཁྲིམས་རྒྱལ་ཁྲིམས་ཀྱི་འདུ་ཤེས་དང་སྲིད་དོན་གཙང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་འགན་སྒྲུབ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།