གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་9ཉིན་ནས་ཟླ་11ཚེས་15ཉིན་བར)
གཟའ་ཟླ་བ་ནས་ལྷག་པའི་བར་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ(ཆར་པ)འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཉིན་གཉིས་ནང་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.མིག་སྔར་རང་ལྗོངས་ཀྱི་ལྷོ་རྒྱུད་དུ་སྔར་བཞིན་གངས་གསོག་ཐེབས་ནས་འགྲིམ་འགྲུལ་ཐད་ཤུགས་རྐྱེན་ངན་པ་བཟོ་བས་འགྲིམ་འགྲུལ་བདེ་འཇགས་ཐད་ཡིད་གཟབ་བྱེད་དགོས།
2.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་པ་དང་ཆར་ཆུ་འབབ་ཉུང་བས་གནམ་གཤིས་ཀྱི་མེ་སྐྱོན་རིམ་པ་མཐོ་ཙམ་ཡོད་སྟབས་ནགས་ཚལ་དང་རྩྭ་རར་མེ་ཟོན་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་ནང་མེ་སྤྱོད་སྐབས་བདེ་འཇགས་ཐད་ཡིད་གཟབ་བྱེད་དགོས།