དབུ་ཤོག
  • 119མེ་ཟོན་ཉེན་འགོག་དྲིལ་བསྒྲགས་ཉིན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-09

    119མེ་ཟོན་ཁ་པར་ཨང་གྲངས་འདིའི་བྱུང་རབས་ནི། རྟག་ཏུ་མེ་སྐྱོན་གྱི་གནོད་འཚེ་གློ་བུར་དུ་ཐོན་གྱི་ཡོད་པས། འཕྲིན་གཏོང་ཞབས་ཞུ་ཕན་ཚུན་དབར་ཤུགས་རྐྱེན་མི་ཕོག་པའི་ཆེད་དུ། རྒྱལ་སྤྱིའི་ཏར་འཕྲིན་དང་ཁ་པར་གྲོས་འདྲི་ཨུ་ལྷན་གྱིས་གྲོས་འགོ་བཏོན་པ་ལྟར། རྒྱལ་ཁབ་ཁག་གིས་119ཡི་ཨང་གྲངས་འདི་མེ་ཟོན་ཉེན་འགོག་གི་ཁ་པར་ཨང་གྲངས་སུ་བརྩིས་ནས། ཉེན་རྡའི་ཁ་པར་རྒྱག་སྐབས་འཕྲིན་ལམ་དྲ་བ་མི་འགག་པའི་ཆེད་དུ་རེད།

    1992 ལོར་རྒྱལ་ཁབ་སྤྱི་བདེ་པུས་བརྡ་ཁྱབ་བཏང་སྟེ། ལོ་ལྟར་གྱི་སྤྱི་ཟླ་11པའི་ཚེས་9ཉིན་“119མེ་ཟོན་ཉེན་འགོག་དྲིལ་བསྒྲགས་ཉིན་མོ”ལ་གཏན་འཁེལ་བྱས། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་དུས་ཚོད་དེའི་སྐབས་ནས་བཟུང་། དགུན་དུས་ཀྱི་མེ་སྐྱོན་ཐོན་མང་བའི་ནམ་དུས་ལ་སླེབས་པའི་རྐྱེན་གྱིས་རེད། མེ་ཟོན་ཉེན་འགོག་གི་དྲིལ་བསྒྲགས་ཉིན་མོ་ནི་མང་ཚོགས་ཚོའི་མེ་སྐྱོན་བདེ་འཇགས་ཀྱི་ཉེན་ཁར་འཛིན་པའི་ངོས་འཛིན་གོང་མཐོར་གཏོང་རྒྱུ་དང་། མེ་སྐྱོན་མི་ཡོང་བའམ་སྔོན་འགོག་དང་རང་སྐྱོབ་བྱས་ནས། ཉེན་ཁ་ལས་གཡོལ་ཐབས་ཤེས་པ་བྱ་རྒྱུ་ནི་མེ་ཟོན་ཉེན་འགོག་ཉིན་མོའི་གཙོ་བོའི་དོན་སྙིང་དེ་རེད།

    ལོ་ལྟར་གྱི་སྤྱི་ཟླ་11ཟིན་པའི་ནམ་དུས་འདི་ནས་བཟུང་། གནམ་གཤིས་གྲང་ངར་ཆེ་རུ་འགྲོ་བ་མ་ཟད། མཁའ་རླུང་སྐམ་ཤས་ཆེ་རྐྱེན། མེ་སྐྱོན་གནོད་འཚེ་ཐོན་མང་དུ་འགྲོ་བའི་དུས་ཚོད་ཅིག་ཡིན་པས། མེ་ཟོན་ཉེན་འགོག་དྲིལ་བསྒྲགས་ཉིན་མོར་སློབ་གྲྭ་ཁག་ཕལ་ཆེ་བར་མེ་ཟོན་གྱི་ཚན་རྩལ་ཁྱབ་གདལ་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་གྱི་ཡོད་པའི་དམིགས་ཡུལ་དེ་ཡང་། ཁྱིམ་ཚང་ཡོད་དོ་ཅོག་གིས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་ཆེད་དུ་རེད།

    ད་ལོའི་མེ་ཟོན་ཉེན་འགོག་གི་དྲིལ་བསྒྲགས་ཉིན་མོའི་གཙོ་དོན་ནི་སྡེ་ཁུལ་གྱིས་མེ་ཟོན་ཉེན་འགོག་ལ་ཞུགས་ཏེ། བདེ་འཇགས་ཀྱི་ཁྱིམ་གཞིས་བསྐྲུན་དགོས་ཞེས་པ་དེའོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།