དབུ་ཤོག>གསར་འགྱུར།
  • ཚེས་15ཉིན་ནས་སྤྱི་སྤྱོད་རླངས་འཁོར་ལ་དྲོད་རླངས་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-09

    གསར་འགོད་པས་ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོ་སྤྱི་སྤྱོད་རླངས་འཁོར་ནང་དྲོད་མཁོ་འདོན་བྱེད་པའི་དུས་གོང་ཚོད་ལྟའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་།  ཚེས་15ཉིན་ནས་བཟུང་། སྤྱི་སྤྱོད་རླངས་འཁོར་300ལྷག་ཙམ་ལ་དྲོད་རླངས་མཁོ་འདོན་བྱ་རྒྱུ་རེད། ཤེས་རྟོགས་བྱས་པར་གཞིགས་ན། དྲོད་མཁོ་འདོན་གྱི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་བདུན་པ་ནས་བཅུ་པ་བར་དང་དགོང་མོའི་ཆུ་ཚོད་བདུན་པ་ནས་ལས་ཐག་མ་བཅད་པའི་བར་རེད། གལ་ཏེ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་ཚེ། ཉིན་མོ་ཡང་དྲོད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།