དབུ་ཤོག>གསར་འགྱུར།
  • ཞིང་འབྲོག་མང་ཚོགས་ལ་ཞིང་ཕན་གཱ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-09

    ཟླ་11ཚེས་5ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས། གམ་པ་རྫོང་ལུང་རོང་ཤང་དུ་ཞིང་ཕན་གཱ་བརྒྱུད་ནོར་སྲིད་ཁ་གསབ་མ་དངུལ་ཐད་ཀར་སྤྲོད་པའི་བྱེད་སྒོ་དང་འགོ་ཚུགས་མཛད་སྒོ་འཚོགས་པ་ལས། རང་ལྗོངས་ཀྱི་ཞིང་ཕན་གཱ་བརྒྱུད་ནོར་སྲིད་ཁ་གསབ་མ་དངུལ་ཐད་ཀར་སྤྲོད་པའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།

    མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཉི་མ་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར།  མིག་སྔར། ཞིང་འབྲོག་མང་ཚོགས་ཀྱི་ཁ་གསབ་རྣམ་གྲངས་མང་དུ་འགྲོ་བ་དང་བསྟུན་ནས་རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་ཁ་གསབ་བྱེད་ཚད་མང་དུ་བཏང་ཡོད།  དེ་སྔ་ཐད་ཀར་དངུལ་སྨར་སྤྲོད་པའི་བྱེད་ཐབས་དེར་དུས་ཚོད་མང་པོ་འགོར་བ་མ་ཟད།  བདེ་འཇགས་ཀྱི་ཞན་ཆ་ལྡན་ཡོད་པས།  ནོར་སྲིད་ཁ་གསབ་ཀྱི་ལྗང་མདོག་ལམ་གཏོད་རྒྱུ་དང་། རྒྱལ་མཛོད་བརྒྱུད་ནོར་སྲིད་ཀྱི་ཁ་གསབ་ཁག་དུས་ཐོག་ཏུ་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་གྲངས་ཚང་སྤྲོད་ཆེད།  2012ལོའི་ཟླ་བ་བཅུ་གཉིས་པ་ནས་བཟུང་། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་རྫོང(འགག་སྒོ)18ལ་ཞིང་ཕན་དངུལ་ལེན་ས་འཛུགས་པའི་ལས་དོན་སྤེལ་བ་རེད།  མིག་སྔར་གམ་པ་རྫོང་དུ་ཞིང་ཕན་གྱི་དངུལ་ལེན་ས་30བཙུགས་པ་དེ་དག་ཤང་གྲོང་5དང་སྲིད་འཛིན་གྲོང་ཚོ་29ཁྱབ་ཡོད་ལ།  ནོར་སྲིད་མ་དངུལ་དངུལ་ཁང་གཱ་ནང་ཐད་ཀར་བླུག་པའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆ་རྐྱེན་འཛོམས་པར་བརྟེན། སྔོན་ལ་གམ་པ་རྫོང་དུ་ཞིང་ཕན་གཱ་བརྒྱུད་ནོར་སྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་ཐད་ཀར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དངུལ་སྤྲོད་ཁྲུའུ་ཡི་ཁྲུའུ་ཀྲང་ཡའོ་ཀྲུང་ཡུས་ཀྱིས། གོམ་སྟབས་རྗེས་མར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་རང་སྐྱོང་ལྗོངས་ནོར་སྲིད་དང་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ཕན་གཱ་བརྒྱུད་ནོར་སྲིད་རང་བཞིན་གྱི་ཐད་གསབ་མ་དངུལ་སྤྲོད་པའི་ལས་དོན་ཁྱབ་གདལ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་སྐར་གཅིག་ཀྱང་མ་ལུས་པར་དུས་ཐོག་ཏུ་ཞིང་འབྲོག་མང་ཚོགས་ཀྱི་གཱ་རུ་གྲངས་ཚང་བླུགས་ནས་མཐའ་དར་དམངས་ཕན་སྲིད་ཇུས་ཞིང་འབྲོག་མང་ཚོགས་ཚང་མར་ཁྱབ་པ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།