དབུ་ཤོག
  • ཤིང་ཏོག་བཟའ་ཤེས་ན་སྨན་དང་མི་ཤེས་ན་དུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-08

    རྣམ་ཀུན་ཤིང་ཏོག་མང་པོ་བཟས་ན་བདེ་ཐང་དང་མཛེས་ཆོས་ལ་ཕན་ཐོགས་ཆེན་པོ་ཡོད་མོད། ཡིན་ནའང་བཟའ་སྟངས་བཟའ་ལུགས་མི་ཤེས་ན་བདེ་སྲུང་གི་དམིགས་ཡུལ་གྲུབ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ནད་རིགས་མང་པོ་སློང་སྲིད།

    1.ཁ་ལག་བཟས་རྗེས་ལམ་སེང་ཤིང་ཏོག་བཟས་ན་ལྟོ་བ་སྦོས་སྐྲངས་དང་བཤང་བ་འགག་པའི་སྣང་ཚུལ་ཐོན་སྲིད། དེར་བརྟེན་ཁ་ལག་ཟས་རྗེས་ཀྱི་ཆུ་ཚོད་2ཕྱིན་རྗེས་དང་ཁ་ལག་མ་ཟས་གོང་གི་ཆུ་ཚོད་1ཙམ་ལ་ཤིང་ཏོག་བཟས་ན་ལེགས།

    2.བཟའ་ཐེངས་གཅིག་ལ་ཤིང་ཏོག་མང་དྲགས་རྒྱུ་མེད། མང་དྲགས་ན་ལུས་ནང་གི་ཟངས་རྒྱུ་མི་འདང་བར་གྱུར་ནས་ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་མཐོ་རུ་འགྲོ་བས། དུས་ཐུང་ནང་ཤིང་ཏོག་མང་པོ་བཟའ་རྒྱུ་མེད།

    3.རུལ་བའམ་རུལ་ཉེར་ཡོད་པའི་ཤིང་ཏོག་བཟས་ན་གྲོད་པ་བཤལ་བ་དང་། ཕོ་བ་དང་རྒྱུ་མའི་དོས་དྲག་གཉན་ཚད་ཕོག་སྲིད། ལྷག་པར་དུ་འབྲི་ཏ་ས་འཛིན་དང་། ཤིས་ཀྭ་ཕྱེད་བཤགས་ཉོ་དུས་ངེས་པར་ཡིད་གཟབ་བྱེད་དགོས།

    4.ཨ་རག་ཉིང་ཁུས་ཤིང་ཏོག་འཁྲུ་རྒྱུ་མེད། ཨ་རག་ཉིང་ཁུས་ཤིང་ཏོག་བཀྲུས་ན་ཤིང་ཏོག་སྟེང་གི་ནད་འབུ་ཕྲ་མོ་གསོད་ཐུབ་ནའང་། ཨ་རག་ཉིང་ཁུ་དང་ཤིང་ཏོག་གི་སྐྱུར་རྩིའི་བར་རྫས་འགྱུར་ནུས་པ་ཐོན་ནས་ཤིང་ཏོག་གི་འཚོ་བཅུད་དམའ་རུ་འགྲོ་སྲིད།

    5.ཤིང་ཏོག་པགས་པ་མི་བཤུ་བར་བཟའ་བ། ཤིང་ཏོག་ཕལ་མོ་ཆེར་ནད་འབུ་སྔོན་འགོག་བྱ་ཆེད། ཞིང་སྨན་མང་པོ་གཏོར་ཡོད་པས་ཤིང་ཏོག་གི་ངོས་ལ་སིམས་ནས་བསྡད་ཡོད། དེ་བཟས་ན་བདེ་ཐང་ལ་གནོད་པ་ཡོད།

    6.ཚལ་ཏའོ་ཡིས་ཤིང་ཏོག་གཏུབ་རྒྱུ་མེད། རྣམ་ཀུན་ཚལ་ཏའོ་ཡིས་ཤ་འདྲ་མིན་དང་ཚལ་འདྲ་མིན་སྣ་ཚོགས་གཏུབས་པས་དེའི་སྟེང་དུ་གཞན་བརྟེན་འབུ་ཕྲ་འཁོར་སྲིད་པས། དེས་ཤིང་ཏོག་གཏུབས་ན་མི་ལ་གཞན་བརྟེན་འབུ་ཕྲའི་ནད་འགོས་སྲིད།

    7.ཞོགས་པ་ལངས་མ་ཐག་ཤིང་ཏོག་བཟའ་རྒྱུ་མེད། མི་ཁ་ཤས་ལ་ཞོགས་པ་ལངས་མ་ཐག་ལམ་སེང་ཤིང་ཏོག་བཟའ་བའི་གོམས་གཤིས་ཡོད། ཤིང་ཏོག་མང་ཆེ་བ་གྲང་མོ་ཡིན་པས་གྲོད་པ་སྟོང་པར་ཤིང་ཏོག་བཟས་ན་ཕོ་རྒྱུ་ལ་གནོད་པ་ཡོད། ཕྱི་དྲོ་ཆུ་ཚོད་3-4བར་ལ་ཤིང་ཏོག་བཟས་ན་འཚོ་བཅུད་འཇུ་ལེན་བཟང་།

    8.ཤ་རྒྱགས་པས་ཤིང་ཏོག་མང་པོ་བཟའ་མི་ཉན། མི་ཤ་རྒྱགས་པ་ལ་ལས་ཤ་རིད་དུ་འགྲོ་ཆེད་ལྟོ་འཛེམ་ནས་ཤིང་ཏོག་ཁོ་ན་བཟའ་བས། ཁྲག་མངར་དང་ཁྲག་ཚིལ་མཐོ་བའི་ནད་ཕོག་སླ།

    9.འཁྱགས་པ་ཐེབས་པའི་ཤིང་ཏོག་བཟའ་རྒྱུ་མེད། ཤིང་ཏོག་འཁྱགས་པ་ཐེབས་རྗེས་ཤིང་ཏོག་ནང་ཡཱ་ཤའོ་སོན་ཡན་ཞེས་པའི་རྫས་རྒྱུ་དེ་འཕེལ་འགྲོ་བས། དེ་མང་པོ་ཟས་ན་མགོ་ཡུར་འཁོར་བ་དང་། མགོ་ན་བ། སྐྱུགས་པ་ཤོར་བ་བཅས་ཡོང་གི་ཡོད།

    10.ཤིང་ཏོག་ངང་ལག་མ་སྨིན་གོང་བཟའ་མི་ཉན། སྨིན་ཟིན་པའི་ཤིང་ཏོག་ངང་ལག་བཟས་ན་བཙོག་པ་བཏང་བདེ་རུ་འགྲོ་ཐུབ། ཡིན་ནའང་ངང་ལག་མ་སྨིན་པར་བཟས་ན་དེ་ལས་ལྡོག་ཏེ་བཤང་བ་འགག་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།