དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དབུལ་སྐྱོར་སྔོ་ཚལ་ཐད་ཚོང་རྣམ་གྲངས་ཀྱི་ཁེ་འབབ་བགོ་བཤའ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-07

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དབུལ་སྐྱོར་སྔོ་ཚལ་ཐད་ཚོང་རྣམ་གྲངས་ཀྱི་ཁེ་འབབ་བགོ་བཤའ་བརྒྱབ་པ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གིས་ནོར་སྲིད་ཅུས་དང་། སྒྲིག་ཨུད། ཚལ་གུང་ཐང་ཤང་སྲིད་གཞུང་བཅས་སྒྲིག་འཛུགས་བྱས་ཏེ་ཚལ་གུང་ཐང་ཤང་དབུལ་སྐྱོར་སྔོ་ཚལ་ཐད་ཚོང་རྣམ་གྲངས་ཁོངས་ཀྱི་ཡིག་ཚགས་བཟོས་པ་དང་དེབ་ཆུང་སྤྲད་པའི་དཀའ་ངལ་ཡོད་པའི་དུད་ཚང་ལ་ཁེ་འབབ་བགོ་བར་བསྐྱོད་པ་དང་དུད་ཚང་རེར་ཁེ་འབབ་སྒོར་1000སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚལ་གུང་ཐང་ཤང་དབུལ་སྐྱོར་སྔོ་ཚལ་ཐད་ཚོང་རྣམ་གྲངས་ནི་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གིས་ས་གཙང་ཞིང་ལས་ཀུང་སི་དང་མཉམ་ལས་བྱས་པའི་གཙོ་གནད་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི(རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་200དང་ཁྲེང་ཀོན་ཆུས་སྲིད་གཞུང་གིས་ལྷན་སྦྱར་མ་དངུལ་སྒོར་ཁྲི་196བཏང་བ)396བཏང་ཡོད། རྣམ་གྲངས་དེ་ལག་ལེན་བསྟར་འགོ་བཙུགས་རྗེས་སྔོ་ཚལ་ཐད་ཚོང་རླངས་འཁོར་11ཉོས་པ་དང་ཆབས་ཅིག་གྲོང་ཁུལ་རྙིང་པའི་ལམ་དུམ་བུ་ཁག་ཏུ་སྔོ་ཚལ་ཐད་ཚོང་ས་ཚིགས་བཙུགས་ཏེ་ཁྲོམ་རའི་རིན་གོང་ལས་20%ནས་30%བར་དམའ་བའི་ཐོག་ནས་སྔོ་ཚལ་སྣ་ཚོགས་ཐད་ཀར་བཙོངས་པར་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་ལ་སྔོ་ཚལ་གྱི་རིན་གོང་སྙོམས་སྒྲིག་བྱེད་པའི་ནུས་པའང་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།