དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་གྱིས་སྒོར་དུང་ཕྱུར་20བཏང་ནས་གཞི་རིམ་གྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-11-05

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་གྱིས“སློབ་ཞུགས་གོང་གི་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱེད་འགོ་བཙུགས་ནས་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་སྟེ་གཞི་རིམ་གྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང“གཞི་ཁྱོན་འོས་འཚམ། ཐག་ཉེ་བདེ་འཇགས”ཀྱི་རྩ་དོན་ལྟར་གཞུང་བཙུགས་བུ་བཅོལ་ཁང་120ལྷག་ཙམ་གསར་བསྐྲུན་དང་རྒྱས་བསྐྲུན་བྱས་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་12ལྷག་ཙམ་ཟིན་ཡོད། དུས་མཚུངས་དམངས་བཙུགས་བུ་བཅོལ་ཁང་300ལྷག་ཙམ་ལ་བྱ་དགའ་དང་ཁ་གསབ་སྤྲད་ཅིང་།

    222884_yis_1446613561821.jpg

    འདི་ནི་ཟླ་10ཚེས་29ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་བུ་བཅོལ་ཁང་གི་འཛིན་གྲྭ་དམའ་བའི་སློབ་མ་མཱ་ཞི་རུང་གིས་སློབ་ཁང་དུ་སློབ་གྲོགས་ཚོ་དང་མཉམ་དུ་མཛུབ་མོའི་ལུས་རྩལ་རྩེ་བའི་གནས་ཚུལ་ཡིན་པ།

    222883_yis_1446613561587.jpg

    འདི་ནི་ཟླ་10ཚེས་29ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ཏ་ཡོན་བུ་བཅོལ་ཁང་གི་ལོ་4ལ་སླེབས་པའི་གྲོགས་པོ་ཆུང་ཆུང་པའོ་ཧྲེང་ཁྲེང་སློབ་གྲྭར་རྩེད་འཇོར་རོལ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།