དབུ་ཤོག>གསར་འགྱུར།
  • གྲོང་ཚོར་བཅའ་སྡོད་དན་བག་སྡེ་ཁུལ་ལས་དོན་རུ་ཁག་གིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-05

    ཉེ་ཆར། གྲོང་ཚོར་བཅའ་སྡོད་དན་བག་སྡེ་ཁུལ་གྱི་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་མངགས་གཏོང་བྱས)གིས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་སྒོ་རའི་ནང“ནད་ལྟ་བ་དང་། སྨན་སྤྲོད་པ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ”བཅས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་མང་ཚོགས་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་པ་རེད།

    ཐེངས་འདིའི་བྱེད་སྒོར་རྒྱ་ཆེའི་སྡེ་ཁུལ་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་ནས་བློ་འདྲིའི་སྟེགས་བུ་དང་། དྲིལ་བསྒྲགས་སྟེགས་བུ། འོས་འགན་སྨན་བཅོས་སྟེགས་བུ་བཅས་སུ་སྨན་ལེན་མཁན་དང་སྨན་པ་བསྟེན་མཁན་གྲོང་མིས་ཁེངས་པ་དང་དུས་ཐུང་ཉིན་གཅིག་ནང་སྨན་བཅོས་རུ་ཁག་གིས་མི་ཐེངས་580ལ་འོས་འགན་སྨན་བཅོས་བྱས་པ་དང་། མི་ཐེངས་300ལ་རིན་མི་དགོས་པར་ཁྲག་ཤེད་བལྟས་པ། མི་ཐེངས་600ལ་བདེ་ཐང་བློ་འདྲི་བྱས་པ་རེད།

    དུས་མཚུངས་ད་དུང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། བོད་ལྗོངས་ལྷ་སྤྲེལ་སྨན་རྩིས་ཁང་བཅས་ཀྱིས་ས་གནས་ས་ཐོག་ཏུ་རིན་མི་དགོས་པར་རིན་ཐང་སྒོར་ཁྲི་5ལྷག་ཙམ་རི་བའི་བོད་སྨན་སྣ་ཁ་100ལྷག་ཙམ་དང་རིན་ཐང་སྒོར་2400ལྷག་ཙམ་རི་བའི་ཕྱི་ལུགས་སྨན་རྫས་སྣ་ཁ་20ལྷག་ཙམ་སྤྲད་ལ་བདེ་ཐང་དང་འཕྲོད་བསྟེན་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་2000སྤྲད་པར་སྡེ་ཁུལ་མང་ཚོགས་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།