དབུ་ཤོག>གསར་འགྱུར།
  • ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-11-05

    འབྱོར་འབྲིང་ཆ་ཚང་དང་མི་ཚང་གི་འགག་རྩ་གལ་ཆེན་ཞིག་ནི་སྣོད་བཅུད་ཁོར་ཡུག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལྗང་མདོག་འཕེལ་རྒྱས”དེ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི་གྲས་ཡིན་པ་དང་དོ་སྣང་བྱ་ཡུལ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་གྱི་གནད་དོན་དེ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ང་ཚོས་ངེས་པར་དུ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། མི་དམངས་འབྱོར་ཕྱུག་དང་། རྒྱལ་ཁབ་དར་རྒྱས། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་མཐུན་སྦྱོར་ངང་སྐུལ་མ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས།

    སྣོད་བཅུད་ཁོར་ཡུག་བཟང་བ་ནི་ཆེས་བཏང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་དང་ཆེས་ཕན་པ་ལྡན་པའི་དམངས་འཚོའི་བདེ་སྐྱིད་ཡིན། དེང་སྐབས་རང་རྒྱལ་གྱི་ཐོན་ཁུངས་ལ་ཚོད་འཛིན་ཕོག་ཤུགས་ཆེ་བ་དང་། ཁོར་ཡུག་སྦགས་བཙོག་ཚབས་ཆེ་བ། སྣོད་བཅུད་མ་ལག་ཞན་འགྱུར་བཅས་ཀྱི་གནད་དོན་ཧ་ཅང་ཛ་དྲག་པར་བརྟེན། མི་དམངས་མང་ཚོགས་ཀྱིས་མཁའ་རླུང་གཙང་མ་དང་། འཐུང་ཆུ་གཙང་མ། བཟའ་བཅའ་བློས་འཁེལ། ཁོར་ཡུག་ལྟ་ན་སྡུག་པ་བཅས་ཐད་ཀྱི་རེ་བ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་དང་དེ་ལས་མི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་ནི་ང་ཚོའི་སེམས་ནད་དུ་གྱུར་ལ་དམངས་འཚོའི་གནད་དོན་མངོན་གསལ་དོད་པོར་ཡང་གྱུར། ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་ལེགས་སྒྱུར་དང་ཁོར་ཡུག་གི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་ནི་འབྱོར་འབྲིང་ཕྱོགས་ཡོངས་དང་འབྲེལ་ལ་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བའི་བཤོལ་ཐབས་མེད་པའི་ལས་ཀ་གལ་ཆེན་ཞིག་ཡིན།

    ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ལྗང་མདོག་རྒྱལ་ཕྱུག་དང་ལྗང་མདོག་དམངས་ཕན་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་མ་བཏང་སྟེ་མི་དམངས་ལ་སྣོད་བཅུད་ཐོན་རྫས་སྤུས་ལེགས་སྔར་བས་མང་པོ་མཁོ་འདོན་བྱེད་དགོས།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་མ་གཏོང་བ་དང་། བྱེད་ནུས་ཁུལ་གཙོ་བོ་སྐྲུན་མགྱོགས་སུ་གཏོང་བ། ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་ནུས་ཆེའི་བེད་སྤྱོད་གཏོང་བ། ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་སྐྲུན་པ་བཅས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཙོ་བོར་ཕྱོགས་དྲུག་པོ་འདིའི་ཐད་ནས་བཀོད་སྒྲིག་ཞིབ་ཚགས་རབ་དང་རིམ་པ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་འབད་འཐབ་ཀྱི་ཁ་ཕྱོགས་བསྟན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཀོད་པའི་འཆར་འགོད་དེ་ཁྲིད་སྟོན་དུ་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དང་། རྩ་དོན། དམིགས་ཚད་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མང་པོར་ཁྱབ་པ་བྱེད་པ་དང་རིམ་པ་ཁག་དང་རིགས་ཁག་གི་འཆར་འགོད་དང་ལས་དོན་ཁག་གི་ཁྲོད་ལག་བསྟར་བྱས་ཚེ། གཞི་ནས་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད།

    ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་དངོས་འཛིན་དངོས་སྒྲུབ་བྱས་ཚེ་ཕན་འབྲས་ཐོན་ཐུབ། ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ཁྱོན་ཡོངས་ཁྲོད་མུ་མཐུད་ཐོན་ཐབས་བྱས་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་དང་ཁོར་ཡུག་སྤུས་ཚད་ལེགས་གཏོང་བྱ་རྒྱུ་དེ་སྔར་བས་དམ་ནན་ཆེ་བའི་འགྱུར་མེད་དམིགས་ཚད་དུ་བརྩི་རྒྱུ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྲིད་ཇུས་ལམ་ལུགས་ཀྱི་འགན་ལེན་ཡིན། ཆེས་ནན་ཤོས་ཀྱི་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དང་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ལྟ་སྐུལ་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་ཐད་ཀའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་པའམ་ཡང་ན་མཁའ་རླུང་དང་། ཆུ། ས་ཆ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་དང་རི་ཆུ་ནགས་ཞིང་ས་མཚེའུ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་གང་ཡིན་རུང་ཐམས་ཅད་གང་མྱུར་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྱུར་བ་བཀག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མ་མཐའི་མཚམས་ཐིག་ལས་མི་འགལ་བར་བརྟན་པོར་སྲུང་ཆེད་ཡིན།

    སྲུང་སྐྱོང་དང་འཕེལ་རྒྱས་གཉིས་པོ་ཕན་ཚུན་འགལ་ཟླ་མིན། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་རྒྱུན་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་སྦྲགས་མིག་སྔར་བས་མང་པོས་ཆུ་བོ་གཙང་ཞིང་རི་བོ་སྔོ་བ་ནི་གསེར་རི་དང་དངུལ་རི་ལྟ་བུ་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཡིན་ལ་སྣོད་བཅུད་ཁོར་ཡུག་ལེགས་གཏོང་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་ཡིན་ལུགས་རྟོགས་ཡོད།

    ལྗང་མདོག་འཁོར་རྒྱུག་ཐཱན་ཉུང་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་ད་ལྟའི་དུས་སྐབས་ཀྱི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་དང་མདུན་ལམ་ཆེ་ཤོས་ལྡན་པའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཡིན་པས་རང་རྒྱལ་ལ་འདིའི་ཐད་མི་མངོན་པའི་ནུས་པ་ཧ་ཅང་ཆེ་བར་བརྟེན། དཔལ་འབྱོར་གྱི་འཕར་གཞི་གསར་པ་ཧ་ཅང་མང་པོ་ཆགས་ཏེ་དཔལ་འབྱོར་ཕྱོགས་འགྱུར་རིམ་འཕར་ལ“ལྗང་མདོག་སྒུལ་ཤུགས”ཆེན་པོ་སྣོན་ཐུབ། ལྗང་མདོག་ཕྱོགས་འགྱུར་གྱི་གོ་སྐབས་ལ་དམ་འཛིན་གྱིས་ནུས་རྒྱུ་གསར་བརྗེ་ལ་སྐུལ་སྤེལ་གཏོང་བ་དང་། ནུས་རྒྱུ་ལག་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་སྒྱུར་བཀོད་ལ་སྐུལ་སྤེལ་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྗང་མདོག་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཚེ་ང་ཚོས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ལེགས་གཏོང་གཉིས་ཀ་རྦད་དེ་སྒྲུབ་ཐུབ།

    ཕུགས་འདུན་འགྲུབ་པར་མིག་རྒྱང་དགོས། སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་བ་བྱ་རྒྱུ་ནི་མི་དང་སྤྱི་ཚོགས་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་ཚུལ་བརྟན་པོ་ཆགས་པ་དང་། སྣོད་བཅུད་ཤེས་དཔལ་གྱི་དམར་ཐིག་བརྟན་སྲུང་། ཐོན་ཁུངས་བསྲི་ཚགས་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཚེ། ང་ཚོས“སྣོད་བཅུད་ཁོར་ཡུག་སྤུས་ཚད་སྤྱིར་ན་ལེགས་གཏོང”གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་དང་། ཕ་ཚ་བུ་རྒྱུད་ལའང་ནམ་མཁའ་གཡའ་དག་པ་དང་། ས་གཞི་ལྗོན་ཤིང་གིས་བཀླུབས་པ། ཆུ་བོ་གཙང་ལ་དྭངས་པ་བཅས་ཀྱི་ཁྱིམ་གཞིས་ལྟ་ན་སྡུག་པ་ཞིག་འཇོག་ཐུབ་པ་མ་ཟད། ཀྲུང་ཧྭ་མི་རིགས་ལ་དུས་གཏན་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།