དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་མཇུག་རླངས་འབུད་ཚད་ཉུང་བའི་མི་སྡོད་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་བཅག་ནས་བསྡུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་བརྡ་ཐོའི་གཏན་འབེབས་ལ་གཞིགས་ན། ཁྲལ་འཇལ་པས་2015ལོའི་ཟླ་10ཚེས་1ཉིན་ནས་2016ལོའི་ཟླ་12ཚེས་31ཉིན་བར་ཉོས་པའི་མཇུག་རླངས་འབུད་ཚད་ཧྲེང་1.6དང་དེ་ལས་དམའ་བ་ཡོད་པའི་མི་སྡོད་རླངས་འཁོར་ལ་གནས་སྐབས་ཤིག་རིང་5%ཡི་ཁྲལ་ཚད་བཅག་སྟེ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་བསྡུ་རྒྱུ་ཡིན་པ་རེད། ལྷ་ས་གྲོང་ཁྱེར་རླངས་འཁོར་ཉོ་སྒྲུབ་ཡན་ལག་ཅུས་ཀྱིས་རྣམ་གྲངས་དེའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་ཆེད། འཕྲལ་མ་ཉིད་དུ་ལས་སྒོའི་རྐང་འཛིན་མི་སྣ་སྐོང་འཐེན་བྱས་ནས“དངུལ་ཁྲལ་གྱི་དུས་བཀག་གསུམ་པའི་ལས་གྲྭའི”མ་ལག་ནང་ཚད་ལེན་ཚོད་ལྟ་ཡང་ཡང་བྱས་པ་རེད། ཕྱོགས་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཁྲལ་བསྡུའི་ཉིན་དང་པོར་མཇུག་རླངས་འབུད་ཚད་ཧྲེང1.6དང་དེ་ལས་དམའ་བ་ཡོད་པའི་མི་སྡོད་རླངས་འཁོར་21ལ་5%ཡི་ཁྲལ་བཅག་ནས་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་སྒོར་ཁྲི་7ལྷག་ཙམ་བསྡུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།