དབུ་ཤོག>གསར་འགྱུར།
  • སེང་གེ་ཁ་འབབ་གྲོང་རྡལ་དུ་ཚ་དྲོད་དང་གློག་མཉམ་གཏོང་གི་སྤྱི་ཐོག་དྲོད་རླངས་མཁོ་སྤྲོད་ལས་གྲྭ་བདེ་བླག་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    ཉེ་ཆར་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་བོད་ཀྱི་གསར་འཇོག་མངའ་རིས་ཚ་དྲོད་དང་གློག་མཉམ་གཏོང་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མ་དངུལ་སྒོར་དུང་ཕྱུར་14.08བཏང་བའི་མངའ་རིས་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་གཙོ་བོ་ཡིན་པའི་སེང་གེ་ཁ་འབབ་གྲོང་རྡལ་དུ་ཚ་དྲོད་དང་གློག་མཉམ་གཏོང་གི་དྲོད་རླངས་མཁོ་སྤྲོད་ལས་གྲྭའི་འཛུགས་སྐྲུན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སེང་གེ་ཁ་འབབ་གྲོང་རྡལ་དུ་ཚ་དྲོད་དང་གློག་མཉམ་གཏོང་གི་དྲོད་རླངས་མཁོ་སྤྲོད་ལས་གྲྭའི་རྣམ་གྲངས་དེ་འདི་ལོའི་ཟླ་8ཚེས་10ཉིན་བདེ་བླག་ངང་འགོ་བཙུགས་ཚུན། ལས་གྲྭ་དེ་དྲོད་གཏོང་འཁོར་ཁང་དང་གྲོང་ཁུལ་ལ་མདོང་ལམ་འདིང་བ་གཉིས་སུ་བགོས་ནས་མདོང་ལམ་གཙོ་བོ་དག་འཛུགས་སྐྲུན་ལམ་ཆེན་དང་། ཧྲའན་ཤིས་ལམ། སེང་གེ་ཁ་འབབ་ལམ། རིག་གནས་ལམ་སོགས་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལམ་གཙོ་བོར་ཁྱབ་ཡོད། ཟླ་9ཚེས་17ཉིན་བར་རྣམ་གྲངས་དེའི་རིམ་པ་དང་པོའི་མདོང་ལམ་ཁྱོན་ཡོངས་ནས་འདིང་འགོ་བཙུགས་ནས་ས་དོང་འདྲུ་བས་ལས་འབོར་གྱི་11.7%དང་། མདོང་ལམ་བཅུག་ནས་ཚ་ལ་རྒྱག་པ་དང་ས་འོག་ཏུ་བཅུག་པས་ལས་འབོར་གྱི་5.2% ཨར་འདམ་ལུགས་རྒྱག་གིས་ལས་འབོར་གྱི་1.2བཅས་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།