ཉིན་ཤས་གོང་། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཐད་གཏོགས་ཚན་པའི་བུད་མེད་ལས་བྱེད་པར་སེམས་ཁམས་ཟུར་ཁྲིད་ཀྱི་འཛིན་གྲྭ་གཉེར་བ་རེད། ཀྲུང་གོ་ཚན་རིག་ཁང་གི་སེམས་ཁམས་སུའོ་རྒྱལ་ཁབ་གཞུང་ལས་པའི་སེམས་ཁམས་དང་བྱ་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་བཟོའི་སེམས་ཁམས་འདྲི་རྩད་ལྟེ་གནས་རྣམ་གྲངས་ཀྱི་གཙོ་གཉེར་བ་འབུམ་རམས་པ་ལུའུ་མིན་གྱིས་གདན་ཞུས་ལྟར་བུད་མེད་ལས་བྱེད་པར་སློབ་ཁྲིད་བྱས་པ་རེད།
ད་རེས་ཀྱི་ཟུར་ཁྲིད་སློབ་ཚན་གྱི་སློབ་ཚན་འཚོགས་པའི་དམིགས་ཡུལ་ནི་བུད་མེད་ལས་བྱེད་པས་རིགས་གཅིག་མཁས་ཅན་གྱི་འཆད་འཁྲིད་ཉན་པ་དང་རིགས་གཅིག་མཁས་ཅན་དང་ཕན་ཚུན་དྲི་བ་འདོན་པ་དང་ལན་འདེབས་པའི་མཉམ་སྒུལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བུད་མེད་ལས་བྱེད་པར་རྒྱུ་རྐྱེན་སྣ་ཚོགས་རྐྱེན་གྱིས་སེམས་ཁམས་ལ་གནོན་ཤུགས་སྤྲད་པར་ལེགས་སྒྲིག་བྱེད་རོགས་བྱས་ནས་ཞི་ལྷོད་དང་སྣང་བ་སྐྱིད་པའི་སེམས་ཁམས་ཞིག་སྦྱིན་ཐུབ་པ་བྱས་པ་རེད།