དབུ་ཤོག>གསར་འགྱུར།
  • ལོ་ལྔ་སོང་རྗེས་བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་400ཟིན་རེ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ལས་ཆ་འཕྲིན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སླད་ཕྱིན་གྱི་ལོ་10ཡི་ནང་བོད་ཀྱིས་རིམ་པ་མཐོ་འབྲིང་གི་འཛད་སྤྱོད་འཐུང་ཆུ་གཙོ་གནད་དུ་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་ས་མཐོའི་སྐྱེ་དངོས་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་བཏུང་བྱ་གཙོ་གནད་དུ་གསར་སྤེལ་བྱ་རྒྱུ་ཡིན་པ་རེད།

    《བོད་རང་སྐྱོང་ལྗོངས་ཀྱི་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་འཆར་འགོད》(2015ལོ་ནས་2025ལོ་བར)གཞིར་བཟུང་2020ལོར་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་ཏུན་ཁྲི་500ཟིན་པ་བྱ་རྒྱུ་དང་། སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་400ཡན་ཟིན་རྒྱུའི་འབད་བརྩོན་བྱ་རྒྱུ། མི་ཁྲི་ཡན་ལས་ཞུགས་ཐུབ་རྒྱུའི་སྐུལ་ཁྲིད་བྱ་རྒྱུ་དང་2025ལོར་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ནུས་ཏུན་ཁྲི་1000ཟིན་པ་བྱ་རྒྱུ་རེད། སྐབས་དེ་དུས་བོད་འདི་ཉིད་ཀྱང་རྒྱལ་ཡོངས་ཀྱི་རང་བྱུང་འཐུང་ཆུ་མཁོ་འདོན་བྱ་ཡུལ་གལ་ཆེན་དུ་འགྱུར་རྒྱུ་ཡིན་པ་རེད།

    གྲངས་གཞིའི་ཐོག་ནས་མངོན་གསལ། ལོ་མང་རིང་བོད་ཀྱི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་4394ཟིན་ནས་རྒྱལ་ཡོངས་ཀྱི་16.5%ཟིན་ཡོད།

    བོད་ཀྱི་འཐུང་ཆུར་ལྷད་མེད་དང་། དྭངས་གཙང་། བདེ་ཐང་ལ་ཕན་པ་སོགས་ཀྱི་དགེ་མཚན་ལྡན་པས་གསར་སྤེལ་གྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད།

    བོད་རང་སྐྱོང་ལྗོངས་བཟོ་ལས་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཞུས་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་རང་བྱུང་འཐུང་ཆུའི་ཐོན་འབབ་ཏུན་ཁྲི་15.3ཟིན་ནས་60%འཕར་བ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.3ཟིན་ཡོད། 2015ལོའི་ལོ་སྟོད་དུ་ཐོན་འབབ་ཏུན་ཁྲི་10.7ཟིན་ནས་17%འཕར་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་དེ་བོད་ཀྱི་མི་མངོན་པའི་འཕེལ་རྒྱས་ནུས་པ་ཆེན་པོ་ལྡན་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་གྲས་སུ་གྱུར་ཡོད།

    མིག་སྔར་བོད་དུ་5100རྟགས་ཅན་དང་ཇོ་རིའི་བསིལ་ཆབ་རྟགས་ཅན་སོགས་རིམ་པ་མཐོ་བའི་འཛད་སྤྱོད་གཏེར་ཆུའི་སྤུས་རྟགས་ཡོད་ལ་ཏཱ་ཀྲའོ་གནས་ཆུ་སོགས་རིན་གོང་དམའ་ཙམ་གྱི་སྤུས་རྟགས་ཀྱང་ཡོད། ཀྲུང་གོ་རྡོ་སྣུམ་དང་བོད་ལྗོངས་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི“སྒྲོལ་མ་ཆུ་མིག་གི་ཆུ”ཞེས་པའི་སྤུས་རྟགས་ཧྲང་ཧའེ་དང་ཤང་ཀང་སོགས་ཀྱི་ཁྲོམ་རར་འཚོང་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།