དབུ་ཤོག>གསར་འགྱུར།
  • སྐྱིད་གྲོང་རྫོང་གིས་མང་ཚོགས་བདེ་འཇགས་ངང་དགུན་སྐྱེལ་ཐུབ་རྒྱུར་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-03

    ཉེ་ཆར་གསར་འགོད་པས་སྐྱིད་གྲོང་རྫོང་ནས་ཤེས་རྟོགས་བྱས་པར་ཉིན་ཤས་གོང་རྫོང་དེས་ལས་ཤག་འཛུགས་སྐྲུན་བྱེད་པ་དང་སྤྱི་པའི་ཁང་པ་བཀོད་སྒྲིག་བྱེད་པ། མི་སེར་གྱི་ཁང་པ་བརྟན་གཏོང་དང་ཉམས་བཟོ་བྱེད་པ། གནས་སྐབས་དགུན་སྐྱེལ་གྱི་བཀོད་སྒྲིག་ཁང་པ་བསྐྲུན་པ། ཤིག་བདེའི་ཁང་པ་བསྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་མང་ཚོགས་བདེ་འཇགས་ངང་དགུན་སྐྱེལ་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་རྗེས་སྐྱིད་གྲོང་རྫོང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ་དང་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱེད་པ་བརྒྱུད་ས་ལེབ་གྲོང་ཚོའི་ཤིག་བདེའི་ཁང་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ལྕགས་ཤོག་3000ལྷག་ཙམ་ཐག་གཅོད་བྱས་པ་དང་པང་བཅལ་1000ལྷག་ཙམ་བཏིང་བ་དང་ཤིང་ཆ་ཁག་གཅིག་ཐག་གཅོད་བཅས་བྱས་པ་དང་འབྲེལ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་དགུན་སྐྱེལ་གྱི་མེ་ཤིང་གི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལས་ཤག་དང་གཞུང་གི་བོགས་གཏོང་ཁང་པར་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་དགུན་སྐྱེལ་གྱི་གནད་དོན་ལ་འགན་ལེན་བྱས་པ་དང་། སྐྱིད་གྲོང་གྲོང་རྡལ་དང་རྫོང་གྲོང་དུ་སྤྱི་པའི་ཁང་པ་214ལ་གཙང་བཤེར་བྱས་ནས་སྐྱིད་གྲོང་གྲོང་རྡལ་གྱི་སྐྱིད་གྲོང་གྲོང་ལྷན་དང་སྐྱིད་ཕུག་གྲོང་ཚོ། རྫོང་དགའ་གྲོང་རྡལ་གྱི་རྫོང་དགའ་གྲོང་ལྷན་སོགས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་དགུན་སྐྱེལ་གྱི་བཀོད་སྒྲིག་ཁང་པའི་དགོས་མཁོ་འགན་ལེན་བྱས་པ། རྫོང་ཡོངས་ཀྱི་གནོད་འཚེ་འབྲིང་ཆུང་ཕོག་པའི་མི་སེར་གྱི་ཁང་པར་ཉམས་བཟོ་དང་བརྟན་གཏོང་གི་ལས་དོན་90%ལེགས་འགྲུབ་ཟིན་པ་དང་ཟླ་10པའི་ཟླ་མཇུག་གོང་ལས་གྲྭ་ཚང་མ་ལེགས་འགྲུབ་བྱ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།