དབུ་ཤོག>གསར་འགྱུར།>བརྙན་མཐོང་གསར་འགྱུར།
  • “ཀྲུང་གོ་གསར་པའི་གྲངས་ཉུང་མི་རིཌ་ཀྱི་གློག་བརྙན་བརྙན་འཕྲིན་རྩོམ་རིག་གསར་རྩོམ་ལ་ཕྱིར་མིག་ལྟ་བ་དང་འབྱུང་འགྱུར་ལ་ཕྱོགས་པའི”རིག་གཞུང་ཞིབ་བསྡུར་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-03

     ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲུང་གོའི་གློག་བརྙན་རྩོམ་རིག་གི་རིག་གཞུང་ལྷན་ཚོགས་འཁྲབ་ཚན་རིགས་གཞུང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་རིག་གཞུང་སློབ་གླིང་དང་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི“ཀྲུང་གོ་གསར་པའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་རྩོམ་རིག་གསར་རྩོམ་ལ་ཕྱིར་མིག་ལྟ་བ་དང་འབྱུང་འགྱུར་ལ་ཕྱོགས་པའི”རིག་གཞུང་ཞིབ་བསྡུར་ཚོགས་འདུ་དེ་གནའ་བོའི་གྲོང་ཁྱེར་ཞན་དབྱང་ལ་གྲུབ་འབྲས་ལྡན་པའི་ངང་འཚོགས་པ་རེད།

    རྒྱལ་ནང་གི་སློབ་ཆེན་དང་། རིག་གནས་སྒྲིག་གཞི། དུས་དེབ་ཁང་བཅས་20ལྷག་ཙམ་ནས་ཡོང་བའི་རིགས་གཅིག་མཁས་པ་དང་། གློག་བརྙན་འཁྲབ་གཞུང་རྩོམ་པ་པོ། འཁྲབ་འཁྲིད་པ། གློག་བརྙན་དཔྱད་བརྗོད་པ་བཅས་40ལྷག་ཙམ་བོད་ལྗོངས་མི་རིགས་སློབ་ཆེན་དུ་མཉམ་འཛོམས་ཀྱིས་ཀྲུང་གོ་གསར་པའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་གྱི་རྩོམ་རིག་གསར་རྩོམ་སྐོར་གྱི་བརྗོད་གཞིར་ཞིབ་བསྡུར་དང་སྤེལ་རེས་ཟབ་མོ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིབ་བསྡུར་ཚོགས་འདུ་ནི་ཉེ་བའི་ལོ་ཤས་ནང་རྒྱལ་ནང་དུ་སྤེལ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་རྩོམ་རིག་སྐོར་གྱི་ཞིབ་བསྡུར་ཚོགས་འདུ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་འཁྲབ་ཚན་གྱི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་དེ་རྩ་བའི་འཁྲབ་གཞུང་ནས་འགོ་བརྩམས་ཏེ་ཕན་ཚུན་སྤེལ་རེས་དང་གདོང་ཐུག་ཁྲོད་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལ་དཔྱད་བརྗོད་དང་ཞིབ་འཇུག་བྱ་རྒྱུ་ཅུང་རྗེས་སུ་ལུས་པའི་རྣམ་པ་ལས་གྲོལ་ཐབས་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་ཞིང་། ཚོགས་ཞུགས་རིགས་གཅིག་མཁས་པ་དང་རིག་གནས་པས་གྲངས་ཉུང་མི་རིགས་ཀྱི་བརྗོད་གཞིའི་གློག་བརྙན་འཁྲབ་ཚན་དང་། བོད་རིགས་ཀྱི་བརྗོད་གཞིའི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་ཐོག་ནས་རིག་གཞུང་ཞིབ་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།