དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-02

    གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆར་ཆུ་འབབ་ཉུང་བ་དང་རླུང་འཚུབ་མང་བ། 

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་11ཚེས་2ཉིན་ནས་ཟླ་11ཚེས་8ཉིན་བར)

    གཟའ་ཟླ་བ་ལ།  ཉིང་ཁྲི་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་ཕུར་བུ་ནས་སྤེན་པ་བར་ཉིང་ཁྲི་དང་ཆབ་མདོར་གནམ་འཐིབ་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་གཞན་དག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་ལྷོ་རྒྱུད་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་ས་ཁུལ་དུ་ལྷགས་པ་ཆུང་བ་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.མིག་སྔར་རང་ལྗོངས་ཀྱི་ལྷོ་རྒྱུད་དུ་གངས་གསོག་མངོན་གསལ་དོད་པོ་ཡོད་སྟབས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    2.གཟའ་འཁོར་འདིའི་ནང་རླུང་འཚུབ་མང་བ་དང་ཆར་ཆུ་འབབ་ཚད་ཆུང་སྟབས་མེ་ཟོན་རིམ་པ་ཅུང་མཐོ་ཙམ་ཡོད་པས་ནགས་ཚལ་དང་རྩྭ་རའི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།