གཅིག བསྐྱར་ཞུའི་བདག་སྤྲོད་བྱེད་ཁོངས།
འཛད་སྤྱོད་པས་འཚོ་བའི་འཛད་སྤྱོད་ཐད་ཚོང་ཟོག་ཉོ་བ་དང་བེད་སྤྱོད་གཏོང་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་། ཚོང་གཉེར་མཁན་གྱིས་འོས་འགན་བསྒྲུབས་མེད་པ།ཞིང་པས་ཞིང་ལས་ཐོན་སྐྱེད་ལ་ཐད་ཀར་སྤྱོད་རྒྱུའི་ཐོན་སྐྱེད་རྒྱུ་ཆ་ཉོ་བ་དང་བེད་སྤྱོད་གཏོང་སྐབས་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ་བཅས་སོ།
གཉིས། ཐེར་འདོན་གོང་ཞུའི་བདག་སྤྲོད་བྱེད་ཁོངས།
ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཁྲོད་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་དོ་དམ་ཁོངས་གཏོགས་ནང་གི་རིགས་ཁག་གི་དཔལ་འབྱོར་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་ཁུངས་གཤམ་གསལ།
1.ཚོང་ཟོག་རྫུས་མ་དང་སྤུས་ཞན་བཟོ་ཚོང་གི་བྱེད་སྤྱོད་དང་།
2.ཚོང་ཟོག་ལྐོག་ཚོང་དང་ལྐོག་འདྲེན་གྱི་བྱེད་སྤྱོད།
3.ཚུལ་མིན་གྱི་འགྲན་རྩོད་བྱེད་སྤྱོད།
4.གན་རྒྱ་དང་། ཚོང་རྟགས། བརྡ་ཁྱབ། མཚམས་སྦྱོར་སོགས་བཟོ་ཚོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད།
5.བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱི་དོ་དམ་ཁོངས་སུ་གཏོགས་པའི་དཔལ་འབྱོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཞན་དག་བཅས་སོ།