དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་ཀྱི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པ་སྔོན་འགོག་གི་སྤྱི་ཕན་བྱེད་སྒོ་ལྷ་སར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-30

    ཚེས་27ཉིན“བརྒྱ་སྟོང་ཁྲི་དུང་ཕྱུར་འདུ་འགོད—མ་འོངས་ལྟ་སྲུང་བྱས་ནས་ཕྲུ་གུ་སྐྱོན་བྲལ་ཡོང་བ་བྱེད”ཅེས་པའི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པར་ཐེ་གཏོགས་རོགས་སྐྱོར་སྤྱི་ཕན་བྱེད་སྒོ་དེ་ལྷ་སར་སྤེལ་བ་རེད། ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་ཐེབས་རྩའི་རྒྱབ་སྐྱོར་འོག་སྤྱི་ཕན་བྱེད་སྒོ་དེ་རང་ལྗོངས་ནས་འགོ་བཙུགས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་རིམ་བཞིན་ཁྱབ་གདལ་བཏང་ནས“གྲོང་ཁྱེར་བརྒྱར་ཁྱབ་པ་དང་། སྨན་ཁང་སྟོང་ལ་སྐྱོད་པ། བྱིས་པ་ཁྲིར་རོགས་སྐྱོར་བྱེད་པ”བཅས་ཀྱི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    སྤྱི་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཀྲུང་གོའི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པར་ཐེ་གཏོགས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་གྲོས་མཐུན་བཞག་ནས་རང་ལྗོངས་སུ“ཕྲུ་གུ་དམར་འབྱར་གྱི་རྒྱུད་ཁྲིད་འབུད་ལེན་ནད་ཀྱི་བརྟག་དཔྱད་ཚད་ལེན་གྱི་རྣམ་གྲངས་48”ལག་ལེན་བསྟར་ཏེ་ཕྲུ་གུ་དམར་འབྱར་གྱི་རྒྱུད་ཁྲིད་འབུད་ལེན་ནད་ཀྱི་བརྟག་དཔྱད་མ་དངུལ་སྒོར་ཁྲི་400མཁོ་འདོན་དང་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་རྒྱུད་ཁྲིད་འབུད་ལེན་ནད་ཕོག་པའི་བྱིས་པ་རེར་དངུལ་སྒོར་3000ནས་10000བར་རོགས་སྐྱོར་བྱ་རྒྱུ་ཡིན་པ་དེ་ལས་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པ་སྔོན་འགོག་ཁྱབ་ཁོངས་ནང་གི་རང་ལྗོངས་ཀྱི་སྟོང་ཆ་མང་པོ་སྐོང་རྒྱུ་ཡིན་པ་རེད།

    གཞན་ཡང་ཀྲུང་གོའི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པར་ཐེ་གཏོགས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གཅེས་སེམས་ཁེ་ལས་ཁག་གཅིག་ལ་རང་ལྗོངས་ཀྱི་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པ་སྔོན་འགོག་བྱ་གཞག་ལ་རིན་ཐང་སྒོར་ཁྲི་90རི་བའི་དངོས་ཟོག་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བྱས་པ་དང་འབྲེལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དང་མཐུན་སྦྱོར་གྱིས་སྨན་བཅོས་རྐང་འཛིན་པ་བཏང་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུ་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པར་ཐེ་གཏོགས་རོགས་སྐྱོར་གྱི་འོས་འགན་སྨན་བཅོས་བྱེད་པའི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།