དབུ་ཤོག
  • རླངས་འཁོར་ནང་གནམ་མཐོང་སྒེའུ་ཁུང་གི་ནུས་པ་ཨེ་ཤེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-29

    རླངས་འཁོར་གྱི་གནམ་མཐོང་སྒེའུ་ཁུང་སྤྲིན་པ་དང་སྐར་མར་ལྟ་བྱེད་ཁོ་ན་མིན་ཏེ། གནམ་མཐོངས་སྒེའུ་ཁུང་ཡོད་ན་དེ་མེད་པའི་རླངས་འཁོར་ལས་རིན་གོང་མཐོ་ཙམ་ཡོད་ལ། ནུས་པ་ཡང་མང་པོ་ཡོད།

    1.ཞོགས་པ་རླངས་འཁོར་ནང་འཛུལ་དུས་གནམ་མཐོངས་སྒེའུ་ཁུང་ཕྱེ་ན་མཚན་གཅིག་རླངས་འཁོར་ནང་འདུས་པའི་གནོད་ཡོད་རྫས་རྒྱུ་ཕྱི་རུ་ཕུད་ཐུབ།

    2.རླངས་འཁོར་འཚང་འགག་ཐེབས་དུས་རླངས་འཁོར་གྱི་དུག་རླངས་མང་པོ་འཁྲིགས་ཀྱི་ཡོད། དེ་དུས་རླངས་འཁོར་གཡས་གཡོན་གྱི་སྒེའུ་ཁུང་རྒྱབ་ནས་གནམ་མཐོངས་སྒེའུ་ཁུང་ཕྱེ་ན། དུག་རླངས་ཀྱི་གནོད་པ་ཆུང་དུ་འགྲོ་ཐུབ།

    3.ཉི་འོད་འོག་ཡུན་རིང་བཞག་པའི་རླངས་འཁོར་ནང་ཚ་གདུང་ཆེ་བས་མིའི་ལུས་པོ་མི་བདེ་བ་ཡོང་གི་ཡོད། དེ་དུས་རླངས་འཁོར་གྱི་དྲོ་གྲང་སྙོམས་བྱེད་རླུང་བུ་བཏང་བ་དང་ཆབས་ཅིག་གནམ་མཐོངས་སྒེའུ་ཁུང་ཕྱེ་ན་རླངས་འཁོར་ནང་གི་ཚ་དྲོད་མགྱོགས་མྱུར་ཆག་ཐུབ།

    4.རླངས་འཁོར་མྱུར་བགྲོད་བྱེད་སྐབས་གཡས་གཡོན་སྒེའུ་ཁུང་ཕྱེ་ན་འཛེར་སྒྲ་ཆེ་ལ་ངོ་གདོང་ལ་ལྷགས་པ་ཆེན་པོ་ཕོག་ནས་མིག་ལ་ཟན་པོ་ཡོད་པས་འགྲིམ་འགྲུལ་བདེ་འཇགས་ལའང་ཉེན་ཁ་འཕྲད་སྲིད།  དེ་དུས་གནམ་མཐོངས་སྒེའུ་ཁུང་ཕྱེ་ན་གནས་ཚུལ་དེ་ལས་གཡོལ་ཐུབ།

    5.ཆར་པ་འབབ་དུས་སམ་ཡང་ན་གནམ་གྲང་བའི་སྐབས་རླངས་འཁོར་མདུན་གྱི་ཤེལ་སྒོའི་ཐོག་སྨུག་རླངས་ཁེབས་ཀྱི་ཡོད་པས་ཁ་ལོ་བའི་མཐོང་ལམ་ལ་སྐྱོན་བྱེད་ཀྱི་ཡོད། དེ་དུས་གནམ་མཐོངས་སྒེའུ་ཁུང་ཕྱེ་ན་གནས་ཚུལ་དེ་སེལ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།