དབུ་ཤོག>གསར་འགྱུར།
  • གཉའ་ལམ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་3251དགུན་སྒྲོལ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-29

    གསར་འགོད་པས་ཉེ་ཆར་གཉའ་ལམ་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། རྫོང་དེས་ཁྱོན་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་3251དགུན་སྒྲོལ་བཀོད་སྒྲིག་བྱས་ནས་བྱང་རྒྱུད་ཤང་5དང་གྲོང་རྡལ་1གི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྒྲོལ་རྒྱུའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “4·25”ས་ཡོམ་གྱི་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་ནང། གཉའ་ལམ་རྫོང་གིས་རྫོང་དེ་ཡོངས་ཀྱི་འགྲམ་གྲོང་རྡལ་ཕུད་པའི་ཤང་5དང་གྲོང་རྡལ་1གི་ལས་ཤག་དང་དེ་བཞིན་རྫོང་ལས་ཁུངས་ཀྱི་ལས་སྒོའི་ཐད་ཀྱི་སྤྱོད་བྱའི་ཁང་པ་རྣམ་གྲངས་དག་དམིགས་བསལ་གྱི་དགོས་མཁོར་བརྩིས་ཤིང་། སྔོན་དཔག་བྱས་ན། ཟླ་10པའི་ཟླ་མཇུག་ཏུ་བསྐྲུན་རྗེས(དེའི་ནང་ལས་ཤག་180ཡོད་པ)ཚང་མ་གནོད་འཚེ་ཕོག་པའི་མང་ཚོགས་སྡོད་རྒྱུར་བཀོད་སྒྲིག་བྱ་རྩིས་ཡོད་པ་རེད། མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བའི་བོད་སྐྱོར་རྣམ་གྲངས་ཏེ་གནས་ལུང་ཤང་གི་གྲོང་རྡལ་ཆུང་ངུའི་དུས་ཐེངས་དང་པོའི་ལས་གྲྭ་ཡང་ལས་མཇུག་སྒྲིལ་ཉེར་ཡོད་པ་དང་། ཁག་དང་པོར་བསྐྲུན་ཟིན་པའི་བཀོད་སྒྲིག་ཁང་པ་དང་ཚོང་ལས་ཁང་པ་40དེ་དག་གནོད་འཚེ་ཕོག་པའི་མང་ཚོགས་དགུན་སྒྲོལ་བཀོད་སྒྲིག་ཁང་པར་བརྩིས་ནས་བཀོལ་སྤྱོད་བྱ་རྒྱུ་རེད།

    གཞན་ཡང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། བསམ་གྲུབ་རྩེ་ཆུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་འགྲམ་གྲོང་རྡལ་གྱི་དུད་ཚང་464དང་། གནོད་འཚེ་ཕོག་པའི་མང་ཚོགས་2000ལྷག་ཙམ། ལས་བྱེད་ལས་བཟོ་170བཅས་ཚང་མ་བཀོད་སྒྲིག་བྱས་པའི་ཁང་པ་གསར་པ་770ཡི་ནང་དུ་སྤོས་ནས་དགུན་སྒྲོལ་བཀོད་སྒྲིག་གི་གནད་དོན་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།