དབུ་ཤོག>གསར་འགྱུར།
  • ངམ་རིང་རྫོང་གིས་ཐབས་ལམ་མང་པོ་བརྒྱུད་ནས་དཀའ་ངལ་ཡོད་པའི་ཏང་ཡོན་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-29

    གསར་འགོད་པས་ངམ་རིང་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྫོང་དེས“རང་འཕེལ”གཙོ་བོ་དང“རོགས་སྐྱོར”གཞོགས་འདེགས་སུ་བྱས་ནས་རྫོང་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཐབས་ལམ་བཙལ་འཚོལ་དང་རྣམ་གྲངས་ལག་བསྟར་བྱས་ནས་དཀའ་ངལ་ཡོད་པའི་ཏང་ཡོན་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་ཀྱི་ཡོད་ཅིང་། མིག་སྔར་རྫོང་དེ་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཏང་ཡོན་དེ་སྔའི་མི་363ནས་མི་274བར་ཆག་པ་དང་ཤང་དང་གྲོང་རྡལ་7ལ་ཏང་ཡོན་དབུལ་པོ་མེད་པར་གྱུར་པ་རེད།

    “བརྩེ་སེམས་དྲུག”ལག་ལེན་བསྟར་ནས“ཕྱུག་འགྱུར་གྱི་ལམ་བུ”གཏོད་པ། བརྟག་ཞིབ་དང་མཐིལ་རྟོགས་གྲལ་བཤེར་བྱེད་པ་དང་ཞིབ་དཔྱད་གཟབ་ནན་བྱེད་པའི་རྨང་གཞིའི་ཐོག་རྫོང་དེས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་གཞི་གྲངས་ཡིག་ཚགས་བཟོས་ཏེ་ཁོང་ཚོའི་གཞི་རྩའི་ཆ་འཕྲིན་ཞིབ་ཕྲ་ཤེས་རྟོགས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱིས་བསམ་བློའི་ཐོག་རོགས་སྐྱོར་དང་། ཐོན་ཁུངས་ལ་བརྟེན་ནས་རོགས་སྐྱོར། ཚན་རྩལ་ལ་བརྟེན་ནས་ཞབས་ཞུ། རྣམ་གྲངས་ལ་བརྟེན་ནས་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་དེ་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཁྱིམ་ཚང་ལ་ཐབས་ལམ་མང་པོའི་ཐོག་ནས་ཕྱུག་འགྱུར་ལམ་བུ་འཚོལ་རོགས་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རྫོང་དེས་སྔ་རྗེས་སུ་དཀའ་ངལ་ཡོད་པའི་ཏང་ཡོན་དུད་ཚང་36ལ་རོགས་རམ་བྱས་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་354དོན་འཁྱོལ་བྱས་པ་དང“བརྩེ་སེམས་དྲུག་གི་འདུ་འགོད”ཀྱི་རྣམ་གྲངས་13ལག་ལེན་བསྟར་བ་རེད།

    “གཉིས་ལྡན་དུད་སྦྲེལ”གསར་གཏོད་བྱས་ནས“མཉམ་འབྲེལ་སྒྲུབ་གཞི”གཏིང་ཟབ་གཏོང་བ། རྫོང་དེས་དུད་སྦྲེལ་ཚན་པ་གཅིག་གམ་ཡང་ན་མང་པོ་མཉམ་འབྲེལ་བྱས་ནས“ཏང་དང་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་མཉམ་འབྲེལ་སྒྲུབ་གཞི”གཅིག་བཙུགས་ཏེ“མཉམ་ལས་ཁང་དང་། ཏང་ཡོན། ཞིང་འབྲོག་དུད་ཚང”བཅས་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་མི་སྣ་དང་། རྣམ་གྲངས། མ་དངུལ། ལག་རྩལ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་འདུ་འགྲིལ་བྱེད་པ་དང་ཞིང་འབྲོག་ལས་དང། ངལ་ནུས་ཕྱིར་གཏོང་། གཏེར་ལས་སོགས་ལ་ཁྱབ་པའི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་དངོས་གཞི་བཙུགས་ཏེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་ཏང་ཡོན་དང་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད་པ་རེད།

    “གསལ་རྟོགས་གཱ”བཟོ་བ་དང“ཆ་སྒྲིག་”བྱེད་པ། རྫོང་དེས《དཀའ་ངལ་ཡོད་པའི་ཏང་ཡོན་དང་ཆ་སྒྲིག་རོགས་སྐྱོར་བྱེད་པའི་བཀོད་སྒྲིག་རེའུ་མིག》དང《ཆ་སྒྲིག་རོགས་སྐྱོར་བྱེད་ཚུལ་གྱི་གསལ་རྟོགས་གཱ》བཟོས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ཁག་གིས་ལོ་ལྟར་དཀའ་ངལ་ཡོད་པའི་ཏང་ཡོན་གཅིག་དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་རོགས་སྐྱོར་བྱ་ཡུལ་གྱི་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་ཏང་ཡོན་དབུལ་པོར་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་རོགས་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་གཙོ་གནད་ཐོག་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཐོན་སྐྱེད་དང་འཚོ་བའི་ནང་འཕྲད་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུའི་གཏན་འཁེལ་གསལ་པོ་བྱས་ཤིང་། མིག་སྔའི་བར་རྫོང་དེའི་ཏང་ཡོན་དབུལ་པོ་301དང་ཆ་སྒྲིག་གཉེན་འཚོལ་བྱས་པ་དང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་84ལྷག་ཙམ་བཏང་ནས་ཏང་ཡོན་དབུལ་པོ་མི་ཐེངས་2408ལ་འཚམས་འདྲི་ཞུས་པ་རེད།

    “ལས་ཞུགས་བྱེད་དཀའ་བར”རོགས་སྐྱོར་བྱས་ནས“ལས་ཞུགས་བྱེད་དཀའ་བའི”གནད་དོན་ཐག་གཅོད་བྱེད་པ། རྫོང་དེར་གཞི་རིམ་ཏང་རྩ་འཛུགས་ཁག་ལ་གླ་པ་སྤྱོད་མཁན་ཚན་པ་དང་འབྲེལ་བ་རྒྱ་ཁྱབ་བྱས་ནས་རོགས་སྐྱོར་དམིགས་ཚད་གཏན་འཁེལ་བྱེད་པ་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ལས་ཞུགས་ཀྱི་ཐབས་ལམ་གཏོད་པ་དང་ཏང་ཡོན་དབུལ་པོའི་བུ་ཕྲུག་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བཀོད་སྒྲིག་སོགས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། མིག་སྔར་ཏང་ཡོན་དབུལ་པོའི་བུ་ཕྲུག་ལ་ལས་ཞུགས་ལས་གནས་187བཀོད་སྒྲིག་བྱས་པས་ངལ་ནུས་ཡོད་པའི་ཏང་ཡོན་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།