དབུ་ཤོག>གསར་འགྱུར།
  • རང་རྒྱལ་གྱིས་སྲིད་འཛིན་ཞིབ་མཆན་གྱི་བར་ཁེའི་ཞབས་ཞུའི་གྲོན་བསྡུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་བརྡ་ཐོ་བཀྲམས་ནས་སྲིད་འཛིན་ཞིབ་མཆན་གྱི་བར་ཁེའི་ཞབས་ཞུའི་གྲོན་བསྡུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་པ་མ་ཟད། སྲིད་འཛིན་ཞིབ་མཆན་བར་ཁེའི་ཞབས་ཞུའི་གྲོན་བསྡུའི་དཀར་ཆག་དང་རྩིས་ཐོའི་དོ་དམ་ལམ་ལུགས་བཟོ་དགོས་པ་བཏོན་ཡོད་པ་རེད།

    འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཞུང་དོན་ཁང་བཅས་ཀྱིས་མཉམ་དུ་བཏང་བའི་བརྡ་ཐོ་གཞིར་བཟུང་། སྲིད་འཛིན་ཞིབ་མཆན་གྱི་བར་ཁེའི་ཞབས་ཞུའི་གྲོན་བསྡུ་ཕྱོགས་ཡོངས་ནས་གཙང་སེལ་དང་ཚད་ལྡན་དུ་བཏང་སྟེ་སྲིད་འཛིན་ཞིབ་མཆན་གྱི་བར་ཁེའི་ཞབས་ཞུའི་གྲོན་བསྡུ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྲིད་འཛིན་ཞིབ་མཆན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་སྒྲུབ་བཞིན་པ་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རེ་ཞུ་མཁན་གྱིས་བླང་བྱ་ལྟར་རང་གྲུབ་ཐུབ་པའི་བྱ་བ་སོགས་མཐའ་དག་ལ་བར་ཁེའི་ཞབས་ཞུ་འཛུགས་པ་དང་གྲོན་བསྡུ་བྱེད་མི་ཆོག་པ། ལག་ལེན་བྱེད་བཞིན་པའམ་ཡང་ན་མེད་པ་བཟོས་པའི་སྲིད་འཛིན་ཞིབ་མཆན་བྱ་བ་ཡོད་དོ་ཅོག་བར་ཁེའི་ཞབས་ཞུར་སྒྱུར་ནས་གྲོན་བསྡུ་བྱེད་མི་ཆོག་པ་བཅས་དང་། གྲོན་བསྡུའི་རྣམ་གྲངས་ཁ་ཕྲལ་བ་དང་། གྲོན་དངུལ་བསྐྱར་བསྡུ། གྲོན་བསྡུའི་ཁྱབ་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་ནང་དོན་ཉུང་དུ་གཏོང་བ་སོགས་ཀྱི་ངོ་འགྱུར་ཐོག་ནས་གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་མི་ཆོག་པ་དང་ཕན་ཚུན་ལྐོག་འབྲེལ་དང་བར་ཁེའི་ཞབས་ཞུའི་ཁྲོམ་རའི་རིན་གོང་ཚོད་འཛིན་བྱེད་མི་ཆོག

    བརྡ་ཐོའི་ནང་སྲིད་འཛིན་ཞིབ་མཆན་བར་ཁེའི་ཞབས་ཞུའི་གྲོན་བསྡུའི་དཀར་ཆག་དང་རྩིས་ཁྲ་དོ་དམ་ལམ་ལུགས་བཟོ་དགོས་པ་སྟེ། གཅིག་ནས་སྲིད་འཛིན་ཞིབ་མཆན་བར་ཁེའི་ཞབས་ཞུའི་རྣམ་གྲངས་ཀྱི་དཀར་ཆག་དང་རྩིས་ཁྲ་བཟོས་ཏེ་དཀར་ཆག་དང་རྩིས་ཁྲའི་ནང་འཁོད་མེད་པའི་བར་ཁེའི་ཞབས་ཞུའི་བྱ་བ་ཡིན་ཕྱིན་སླར་ཡང་སྲིད་འཛིན་ཞིབ་མཆན་གྱི་བདག་སྤྲོད་ཆ་རྐྱེན་དུ་བྱེད་མི་རུང་བ་དང་། གཉིས་ནས་སྲིད་གཞུང་གི་རིན་གོང་གཏན་འཁེལ་དོ་དམ་གྱི་སྲིད་འཛིན་ཞིབ་མཆན་བར་ཁེའི་ཞབས་ཞུའི་གྲོན་བསྡུའི་དཀར་ཆག་དང་རྩིས་ཁྲ་བཟོ་དགོས་པ། གསུམ་ནས་སྲིད་འཛིན་ཞིབ་མཆན་གྱི་བར་ཁེའི་ཞབས་ཞུའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་དང་རྩིས་ཁྲ་བཟོ་དགོས་པ་བཅས་བཏོན་ཡོད།

    བརྡ་ཐོའི་ནང་སྒྲུབ་བཞིན་པ་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྗེས་ཀྱི་ཚོད་སྐོར་ལམ་ལུགས་འཛུགས་པ་དང་། རིན་གོང་ཁ་གསལ་དང་གྲོན་བསྡུ་གསལ་བསྒྲགས་ཀྱི་ལམ་ལུགས་དོན་འཁྱོལ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ངོ་འགྱུར་ཐོག་ནས་གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་རིགས་དང་དེ་བཞིན་ཕན་ཚུན་ལྐོག་འབྲེལ་དང་བར་ཁེའི་ཞབས་ཞུའི་ཁྲོམ་རའི་རིན་གོང་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།