1. བསྟུམས་སྒོང་གཏུབ་སྐབས། བསྟུམས་སྒོང་གཏུབ་སྐབས་སེར་རིལ་གྲི་ལ་འགོས་སླ་བས། གལ་ཏེ་གྲི་སྔོན་ལ་ཆུ་འཁོལ་ནང་སྦངས་ནས་ཚ་པོ་ཆགས་རྗེས་གཏུབ་ན་གྲལ་སྒྲིག་པོ་གཏུབ་ཐུབ།
2. འཇིབ་སྦུག་སྤྱད་སྐབས། འཇིབ་སྦུག་ཁ་ཤས་མཉེན་པོ་ཡིན་པས་འཐུང་བྱའི་སྣོད་ཀྱི་ཨི་ཁུང་བརྟོལ་ཐུབ་ཀྱི་མེད། གནས་ཚུལ་དེ་འཕྲད་ན་འཇིབ་སྦུག་ཉིས་ལྟེབ་རྒྱབ་ནས་ལྟེབ་སའི་རྩེ་ཡིས་ཨི་ཁུང་བརྟོལ་ན་ལམ་སེང་བརྟོལ་ཐུབ།
3. ཤིང་འབྲས་ངང་ལག་སོས་པ་ཉར་ཐབས། ཟས་མ་ཚར་བའི་ཤིང་འབྲས་ངང་ལག་འཕྲོ་བརླག་འགྲོ་མགྱོགས་པས། སོས་པར་བཞག་དགོས་ན་སོས་ཉར་འགྱིག་ཤོག་གིས་ངང་ལག་གི་རྩ་བ་བཏུམས་ན་ཡུན་རིང་སོས་པར་བསྡད་ཐུབ།
4. སྒོ་ང་བཙོ་བའི་ཐབས་ཤེས། སྔོན་ལ་སྒོ་ང་ཆུ་གྲང་མོའི་ནང་སྐར་མ་ཁ་ཤས་སྦངས་རྗེས་ཆུ་ཚ་པོའི་ནང་བཙོས་ན་སྒོ་ངའི་པགས་པ་མི་གས་པ་དང་། ཟ་དུས་པགས་པ་བཤུ་སླ།
5. ཙོང་སོགས་གཏུབ་སྐབས། ཙོང་དང་ཙོང་རིལ་སོགས་གཏུབ་སྐབས་མིག་ཚ་ནས་མིག་ཆུ་དབང་མེད་དུ་ཐོན་གྱི་ཡོད་པས། གལ་ཏེ་ཙོང་སོགས་པགས་པ་བཤུས་ནས་འཁྱགས་སྒམ་ནང་ཆུ་ཚོད་ཁ་ཤས་བཞག་རྗེས་གཏུབ་ན་མིག་མི་ཚ་བ་ཡོད།