དབུ་ཤོག>གསར་འགྱུར།
  • འདམ་གཞུང་རྫོང་གིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-28

    ཉེ་ཆར་འདམ་གཞུང་རྫོང་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས“བདེ་སྐྱིད་ལྡན་པའི་འདམ་གཞུང་། སྒེར་སེམས་མེད་པའི་རོགས་སྐྱོར”གྱིས་བརྗོད་དོན་གཙོ་བོ་བྱས་པའི་དབང་པོ་སྐྱོན་ཅན་སློབ་མར་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་ཞིག་སྤེལ་ནས་དབང་པོ་སྐྱོན་ཅན་སློབ་མ་26ལ་འོ་མ་དང་། ཁ་ཟས། ཨམ་རས་ལ་སོགས་སྒོར་5000རི་བའི་དངོས་པོ་བསྐྱལ་བ་དང་འབྲེལ་སློབ་མ་ཚོ་དང་མཉམ་དུ་རོལ་རྩེད་བྱེད་སྒོར་ཡང་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་འདམ་གཞུང་རྫོང་སྡེ་ཚོཌ་ཨུ་ཡོན་ལྷན་ཁང་གིས་དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པ་དགའ་སྤྲོའི་འཚར་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་ཀྱིས་འཚམས་འདྲིར་སྐྱོད་པ་དང་སློབ་མ་ཚོས་ཐོས་དགའ་ཉན་སྤྲོའི་བྱེད་སྒོ་སྤེལ་བར་བརྟེན་ནས་རྫོང་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གཞོན་ནུ་ལོ་ཆུང་ལ་སེམས་ཁུར་དང་རོགས་རམ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁོང་ཚོ“བདེ་སྐྱིད་ལྡན་པའི་འདམ་གཞུང”གི་ཁྱིམ་ཚང་ཆེན་པོའི་ནང་དགའ་སྤྲོའི་ངང་འཚར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།