1.ངོ་གདོང་གི་གྲོ་ཐིག་སེལ་འདོད་ན།
ལུས་པོས་གསར་རྙིང་བརྗེ་ཚབ་མཚན་གཅིག་བྱས་རྗེས་ལུས་ནང་གི་སྙིགས་རོ་ཕྱིར་འབུད་དགོས་པས་ཞོགས་པ་ལྟོགས་སྟོང་དུ་མངར་རྒྱུ་དང་འཚོ་བཅུད་གཞན་མེད་པའི་ཆུ་འཁོལ་གྲང་ཕོར་གང་འཐུང་ན་ལུས་ནང་གི་དུག་རྒྱུ་ཕྱིར་འདོན་ཐུབ་པས་ཡུན་རིང་རྒྱུན་འཁྱོངས་བྱས་ན་གྲོ་ཐིག་དག་ཐུབ།
2.ཤ་རྒྱགས་པ་ཅན་གྱི་ཆུ་འཐུང་སྟངས།
མི་ཤ་རྒྱགས་པ་ཡིན་ན་ཁ་ལག་བཟས་ནས་ཆུ་ཚོད་ཕྱེད་ཀ་སོང་རྗེས་ཆུ་འཐུང་ན་ཕོ་བ་དང་རྒྱུ་མའི་འཇུ་བྱེད་ནུས་པར་སྲུང་སྐྱོང་ཐུབ་ནས་གཟུགས་བྱད་ལ་ཚོད་འཛིན་ཡོང་ཐུབ།
3.ཆམ་པ་ཕོག་སྐབས་ཆུ་འཐུང་སྟངས།
ཆམ་པའི་ན་ཚ་ཕོག་སྐབས་རྣམ་ཀུན་ལས་ཀྱང་དེ་བས་མང་བའི་ཆུ་འཐུང་དགོས་ཤིང་། ཆུ་གང་མང་འཐུང་ན་རྔུལ་ཆུ་དང་གཅིན་པ་མང་པོ་ཐོན་པ་དང་ཆབས་ཅིག་ལུས་དྲོད་དོ་སྙོམས་ཡོང་བ་དང་། ལུས་ནང་གི་ནད་དུག་ཕྲ་མོ་ཕྱི་རུ་འདོན་ཐུབ།
4.གློ་རྒྱག་དུས་ཆུ་འཐུང་སྟངས།
གློ་རྒྱག་དུས་ཆུ་ཚ་པོ་གང་མང་འཐུང་དགོས། གང་ལགས་ཤེ་ན་ཆུ་ཚ་པོ་འཐུང་ན་ལུད་པ་སླ་རུ་སོང་ནས་ཕྱིར་འདོན་སླ་བ་དང་། ཆུ་མང་པོ་འཐུང་བས་གཅིན་པ་མང་པོ་ཐོན་པ་དང་ཆབས་ཅིག་ནད་འབུ་ཕྲ་མོ་ཡང་ཕྱིར་འབུད་བྱེད་ཐུབ།
5.ཕོ་བ་ན་དུས་ཆུ་འཐུང་སྟངས།
ཕོ་བ་ན་དུས་ཆུ་འབྲས་ཐུག་གི་རྣམ་པའི་ཐོག་ནས་འཐུང་དགོས་པ་སྟེ། འབྲས་ཐུག་སླ་པོ་ཚ་དྲོད་60℃ཙམ་ཞིག་བསྐོལ་རྗེས་འཐུང་ན་ཕོ་བས་འཇུ་བདེ་བ་དང་ན་ཚ་སེལ་རོགས་བྱེད་ཐུབ།
6.གཉིད་མ་ཁུག་པའི་སྐབས་ཀྱི་ཆུ་འཐུང་སྟངས།
ཆུ་ཚ་པོ་འཐུང་བ་དང་ཆུ་ཚ་པོས་གཟུགས་པོ་འཁྲུ་བ། ཆུ་ཚ་པོའི་ནང་རྐང་པ་སྦངས་ན་སེམས་པ་ལྷོད་ལྷོད་དུ་གྱུར་བ་དང་ལུས་དྲོད་སྙོམས་པོའི་ངང་གཉིད་ལ་ཡུར་ཐུབ།
7.བཤང་བ་སྐམ་དུས་ཆུ་འཐུང་སྟངས།
བཤང་བ་སྐམ་པའི་རྒྱུ་རྐྱེན་གཉིས་ཡོད་པ་སྟེ། གཅིག་ནི་རྒྱུ་མའི་ནང་གི་བཙོག་ཆེན་ལ་གཤེར་ཚད་མེད་པ་དང་། གཉིས་ནི་རྒྱུ་མས་བཙོག་པ་གཏོང་བའི་ནུས་པ་ཉམས་པས་རེད། གོང་གི་གནས་ཚུལ་དེར་རྣམ་ཀུན་ཆུ་མང་པོ་འཐུང་ན་ཕན་པ་དང་། གནས་ཚུལ་རྗེས་མ་དེར་ཆུ་ཧུབ་ཆེན་པོས་བཏུངས་དགོས། ཆུ་ཧུབ་ཆེན་པོས་མགྱོགས་པོ་འཐུང་བ་ཡིན་ན་རྒྱུ་མའི་ནང་གཤེར་ཚད་འཕེལ་བ་དང་རྒྱུ་མའི་ནུས་པ་གསོ་རྒྱུར་ཕན་པ་ཡོད།
8.སྐྱུག་མདངས་སླེབས་དུས་ཆུ་འཐུང་སྟངས།
སྐབས་རེ་ཟས་ངན་ཁ་ལ་ཤོར་བས་ལྟོ་བར་མི་བདེ་བ་བྱུང་ནས་སྐྱུག་མདངས་ཡོང་སྲིད། དེ་དུས་ཚྭ་ཆུ་སླ་པོ་ཞིག་འཐུང་ནས་ཕོ་བའི་ནང་མི་འཇུ་བའི་ཟས་སྐྱུགས་ན་ལྟོ་བ་བདེ་རུ་འགྲོ་ཐུབ་པ་དང་། སྐྱུགས་ཚར་རྗེས་ཚྭ་ཆུས་ཁ་ཆུ་བཤལ་བཏང་ན་ཁ་ནང་གཙང་མ་ཡོང་ཐུབ།
9.སྙིང་ནད་ཡོད་མཁན་གྱི་ཆུ་འཐུང་སྟངས།
སྙིང་ནད་ཡོད་མཁན་གྱིས་དགོང་མོ་གཉིད་མ་ཉལ་གོང་ཆུ་ཕོར་གང་འཐུང་བའི་གོམས་གཤིས་འཇགས་ན་སྙིང་གཟེར་དང་སྙིང་རྩ་འགག་པའི་ནད་སྔོན་འགོག་བྱེད་ཐུབ་ལ། མཚན་མོ་གློ་བུར་སྙིང་ནད་ལངས་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།