དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་བརྟན་པོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-27

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་གྱི་མཐོ་ཚད་ཐོག་ནས“རྒུད་སྐྱོབ་བྱེད་དཀའ་བ་དང་། མ་མཐའི་ཚད་གཞི་ཞན་པ། དམངས་འཚོ་འགན་ལེན། འཆམ་མཐུན་སྐུལ་འདེད”ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས“དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་འཇགས་ཡོང་བའི”འཐབ་ཇུས་དམིགས་ཡུལ་ནན་ཏན་ངང་ལག་ལེན་བསྟར་ཏེ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་བ་རེད།

    ཉེ་བའི་ལོ་5རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཐེངས་6བསྟུད་མར་མཐོ་རུ་བཏང་སྟེ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་360དང་ལོ་རེར་མི་རེར་ཆ་སྙོམས་སྒོར་1600ནས་2015ལོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་640དང་ལོ་རེར་མི་རེར་ཆ་སྙོམས་སྒོར་2450བར་སོ་སོར་མཐོ་རུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དངུལ་སྒོར་ཁྲི་24054.23སྤྲད་པས་འགུལ་རྣམ་དོ་དམ་འོག་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱེད་ཐུབ་པ་བྱུང་བ་དང་། འགན་ལེན་ལྔའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་2000ནས་ལོ་རེར་མི་རེར་ཆ་སྙོམས་སྒོར་5370བར་མཐོ་རུ་བཏང་བས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་970ཡིས་མཐོ་བ་བྱུང་ནས་ཁྱོན་མི་ཐེངས་6733ལ་གྲོང་གསེབ་ཀྱི་འགན་ལེན་ལྔའི་དངུལ་སྒོར་ཁྲི་2769.78སྤྲད་པ། སྨན་བཅོས་རོགས་སྐྱོབ་ཀྱི་ལོའི་ཚད་གཞི་མཐོ་ཤོས་དེ་ཐེངས་3མཐོ་རུ་བཏང་བ་བརྒྱུད་ད་ཆའི་སྒོར་ཁྲི་10བར་མང་དུ་སོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྱོན་7016ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་3498.07དོན་འཁྱོལ་བྱུང་བ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ“གཅིག་འཐུས་རྣམ་པའི”དུས་ཐོག་ཏུ་བསྡོམས་རྩིས་རྒྱག་པའི་སྨན་བཅོས་རོགས་སྐྱོབ་ལས་དོན་སྤེལ་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་། ཧྥུའུ་ཁང་སྨན་ཁང་སོགས་དམིགས་འཛུགས་སྨན་ཁང་14དང་གན་རྒྱ་བཞག་ནས་སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་ལེན་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འབྲེལ་མཐུད་ནུས་ལྡན་བྱུང་ནས་སྨན་བཅོས་རོགས་སྐྱོབ་དུས་ཐོག་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད་པ་དང་། དྭ་ཕྲུག་གི་འགན་ལེན་དངུལ་སྔ་རྗེས་སུ་ཐེངས་3མཐོ་རུ་བཏང་སྟེ་སྒོར་360ནས་2015ལོའི་གཅིག་སྡུད་གསོ་སྐྱོང་གི་མི་རེར་ཟླ་རེར་ཆ་སྙོམས་སྒོར་1100ནས་ཁ་འགྲེམ་གསོ་སྐྱོང་གི་མི་རེར་ཟླ་རེར་ཆ་སྙོམས་སྒོར་700བར་སོ་སོར་མཐོ་རུ་བཏང་ཡོད། གཞན་ཡང་གནས་སྐབས་རོགས་སྐྱོབ་དང་། རྒུད་སྐྱོབ་བྱེད་དཀའ་བ། སློབ་གསོའི་རོགས་སྐྱོབ་སོགས་རོགས་སྐྱོབ་གཞན་གྱི་སྲིད་ཇུས་སྤྱི་འདོམས་ལག་བསྟར་བྱས་ནས་སྤྱི་ཚོགས་འདྲ་མཉམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། གནས་སྐབས་རང་བཞིན་དང་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་ལས་བྱུང་བའི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་5081ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་330.83བཏང་བ་དང་། ས་ཁུལ་ཕྱི་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་མཐོ་སློབ་ཀྱི་དཀའ་ངལ་ཡོད་པའི་སློབ་མ་632ལ་ཐེངས་གཅིག་རང་བཞིན་གྱི་སློབ་གསོའི་རོགས་དངུལ་སྒོར་ཁྲི་358.2སྤྲད་པ། ལྷ་ས་གྲོང་ཁྱེར་དུ་གནས་སྡོད་བྱས་པའི་མཛེ་ནད་དྲག་སྐྱེད་བྱུང་བའི་མི་116ལ་འགན་ལེན་དངུལ་སྒོར་ཁྲི་13.92རག་ཐབས་བྱས་ནས་མཛེ་ནད་དྲག་སྐྱེད་བྱུང་བའི་མིའི་གཞི་རྩའི་འཚོ་བ་ཐག་གཅོད་འོས་འཚམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།