དབུ་ཤོག>གསར་འགྱུར།
  • དཔེ་མཚོན་གྱི་མི་སྣར་གཟེངས་བསྟོད་བྱས་ནས་སྲོལ་བཟང་དར་སྤེལ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-27

    མི་ཁ་ཅིག་གིོས་ད་ལྟའི་དུས་ནི་མིའི་ཀུན་སྤྱོད་ཀྱི་བྱང་ཚད་དེ་དམའ་རུ་འགྲོ་བའི་དུས་རབས་ཤིག་ཡིན་ཏེ། གྲོང་ཁྱེར་ནི་ཉིན་རེ་མ་འདས་པར་ཇེ་ཆེར་འགྲོ་གིི་ཡོད་ཀྱང་།  མིའི་སེམས་ནི་རིམ་གྱིས་སྣང་འཇོག་མེད་པ་ཞིག་ཏུ་འགྱུར་འགྲོ་ཞེས་བརྗོད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་འདིར་མ་རབས་ཀྱི་ཆ་མང་པོ་ཞིག་ཡོད།འོན་ཀྱང་ང་ཚོས་ཞན་པའི་ཕྱོགས་དེ་ལས་ཡག་པའི་ཕྱོགས་དེ་མ་མཐོང་ན་ག་ནས་འགྲིག གང་ཡིན་ཟེར་ན། སྤྱི་ཚོགས་སྟེང་ད་དུང་ཆེས་ཕུལ་བྱུང་གི་མི་དང་བྱ་དངོས་མང་པོ་ཞིག་ཡོད་ལ། དེས་རྒྱུན་དུ་ང་ཚོར་སེམས་འགུལ་དང་གཡོ་འགུལ་ཐེབས་ཀྱི་ཡོད།

    འདི་ལོའི་ཟླ་10ཚེས་13ཉིན། སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་མི་1ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མི་9ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་པ་རེད། ས་མཐོའི་ཡུལ་གྲུ་འདིེར་ཁོ་ཚོ་ལྟ་བུའི་ཕུལ་བྱུང་མི་སྣ་ཡོད་པས་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་དང་། ཀུན་སྤྱོད་དཔེ་བཟང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རྣམས་ལ་དྲོ་སྐྱིད་སྦྱིན།    “སེམས་བཟང་ཅན་གྱི་དགེ་རྒན”དགའ་བློས་སྔ་རྗེས་སུ་སློབ་མ་30ལྷག་ཙམ་ལ་སློབ་སྦྱོང་ལེགས་འགྲུབ་ཡོང་བར་རོགས་སྐྱོར་བྱས་པ་མ་ཟད། ཐབས་ཤེས་ཡོད་རྒུས་སོ་སོའི་ཉེ་འགྲམ་གྱི་མི་ལ་རོགས་རམ་བྱས་ཡོད་པ་རེད།  སྒེར་བཙུགས་སྨན་ཁང་གི་སྤྱི་ཁྱབ་ལས་འཛིན་པ་བསྟན་འཛིན་སྒྲོལ་མའི་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ཀྱི་འདོད་བློ་སྐོང་ཐུབ་པའི་སྨན་ཁང་གཏོད་པ།  བཟོ་པ་དཀྱུས་མ་ཅ་མིང་ལི་ཡིས་གཟབ་ནན་ངང་ལོ་30རིང་བོད་ཀྱི་གློགས་ཤུགས་བྱ་བཞག་ལ་ལེགས་སྐྱེས་ཕུལ་ཡོད་པ་སོགས་ཁོ་ཚོ་ནི་ལས་རིགས་དང་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བ་དང་། རང་རང་གི་སྤྱིར་བཏང་ལས་གནས་ཐོག་ནས་ཁོ་ཚོའི་བླ་ན་མེད་པའི་གཤིས་རྒྱུད་དེ་མངོན་ཡོད་པ་རེད།

    དཔེ་བཟང་མི་སྣའི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་བྱེད་པ་ནི་ཁོ་ཚོའི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པའི་སྐུལ་སློང་ཞིག་ཡིན་པ་མ་ཟད་།ལྷག་པར་དུ་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེ་གཏོང་བ་དེ་ཡིན། མི་ཚང་མས་བརྩེ་སེམས་ལེགས་སྐྱེས་འབུལ་བ་དང་། ལྷག་བསམ་གྱི་མིར་བསྟུན་པ། འཁོན་སེམས་མེད་པ་དང་དགེ་བ་གཙོ་བོར་འཛིན་པ་བཅས་བྱས་ན། ང་ཚོ་འཚོ་གནས་བྱེད་པའི་ས་གཞི་འདིར་མི་དང་མིའི་བར་གྱི་འབྲེལ་བ་ནི་སྔར་ལས་ལྷག་པའི་འཆམ་མཐུན་དང་དྲོ་སྐྱིད་ལྡན་པ་ཞིག་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།