དབུ་ཤོག>གསར་འགྱུར།
  • “དྲང་པོར”བརྟེན་ནས་ནུས་ཤུགས་ཡོད་རྒུས་ ཕན་པ་ཐོབ་ཐབས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱང་ཙེ་ཡན་གྱིས།   |     སྤེལ་དུས།  2015-10-26

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་གོང་ནས་འོག་བར་དང་། སྡེ་ཚན་ཁག་དང་ཚན་པ་ཁག་ཏུ“ནན་གསུམ་དྲང་གསུམ”དང“འགན་འཁྲི་ལྷག་བསམ་རྣམ་དག་དང་གཙང་མ་བསྒྲུབ་རྒྱུའི”ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་འཚོགས་པའི་ཚ་རླབས་ཤིག་འཕྱུར་ཡོད།

    དུས་ཡུན་རིང་པོའི་ནང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཞི་རིམ་ཏང་རྩ་འཛུགས་ཁ་ཤས་སུ་སློབ་སྦྱོང་སློབ་གསོ་ནི་སྟོང་བཤད་ཙམ་དུ་ལུས་ནས“རྫུས་མ་དང་། ཆེན་པོ། སྟོང་པ”བཅས་ཀྱི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། དེའི་རྩ་བའི་རྒྱུ་རྐྱེན་ནི་འབྲེལ་ཡོད་ནང་དོན་ལ་བསམ་གཞིག་བྱེད་རྒྱུ་གནད་ལ་མི་འཁེལ་བ་དང་། རིགས་པའི་གཞུང་ལུགས་དེ་དོན་དངོས་དང་འབྲེལ་བ་བྱེད་མི་ཐུབ་པས་རེད།

    “བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ”དང“ཇུས་འགོད་དྲང་པོ་དང་། ལས་ཀ་དྲང་པོ། མི་དྲང་པོ”བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་ངེས་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི“བསད་སྤར་ཨ་མ”དེར་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། “ནན་གསུམ་དྲང་གསུམ”གྱི་སློབ་གསོ་བཏང་བ་དེས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མི་ཚུལ་ལྡན་ཞིག་བྱེད་རྒྱུ་དང་ལས་སྒྲུབ་ལས་སྐྲུན་ཐད་ཚད་གཞི་གསར་པ་ཞིག་བཏོན་ཡོད། ངོ་བོའི་ཐོག་ནས་ཐག་གཅོད་བྱེད་རྒྱུ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་གི་གནད་དོན་དེ་རེད། འོན་ཀྱང་ཏང་གཤིས་བློ་སྦྱོང་བྱེད་པའི་རྩ་བའི་རྒྱུ་རྐྱེན་ཐག་གཅོད་བྱ་རྒྱུ་ནི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“བསད་སྤར་ཨ་མ”དེ་རེད།

    ཆེད་དོན་སློབ་གསོ་སྤེལ་སྐབས་ཕྱི་ཚུལ་རིང་ལུགས་ཀྱི་མཁྲེགས་བཟུང་གཏན་ནས་བྱ་མི་རུང་། སྡེ་ཚན་དང་ཚན་པ་མི་འདྲ་བའི་དངོས་ཡོད་གནས་ཚུལ་གཞིར་བཟུང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དཔེ་མཚོན་དག་ཆེད་དོན་སློབ་གསོའི་ནང་འཇུག་དགོས། འདི་ལྟར་བྱས་ན། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་གསོའི་ནང་དོན་བསྡུ་ལེན་བྱ་རྒྱུར་ཕན་པ་ཡོད། དེ་དང་ཆབས་ཅིག་དཔྱད་གདེང་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་གསོའི་ནང་དོན་ལ་མཐོང་ཆེན་གྱིས་མི་ཚང་མར་རང་རྟོགས་ངང་ལས་དོན་དང་རང་ངོས་ཀྱི་བློ་སྦྱོང་གཉིས་ཟུང་དུ་སྦྲེལ་རྒྱུར་ཁྲིད་སྟོན་བྱས་ནས་། དོན་དངོས་ནས་འགོ་བཙུགས་ཏེ་བྱ་གཞག་དང་ལས་དོན་ལ་འཆར་འགོད་བྱེད་པ་། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་གཞིར་བཟུང་དབང་ཆ་ལག་བསྟར་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས། སྤྱོད་གཙང་སྲིད་སྐྱོང་དང་། ཏན་ཏན་ཏིག་ཏིག དམ་པ་དོན་གཉེར། འགན་འཁྲི་འཁུར་ཕོད་པ། འགལ་བ་ཐད་ཀར་ཐག་གཅོད་བྱེད་ཕོད་པ། གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་བྱེད་དགོས་པ། རང་ཉིད་ཀྱི་རང་འཁྲིའི་ལས་ཀ་སེམས་རྣལ་དུ་ཕབ་ནས་ཡག་པོ་བསྒྲུབས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། འདི་ལྟར་བྱས་ན། གཞི་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་ཀྱི་ཞིབ་བཤེར་བཅས་ཀྱི་ཚོད་བགམ་ཐེག་ཐུབ་ནས་ལས་དོན་སྔར་བས་ཡག་པོ་སྒྲུབ་ཐུབ་པ་དང་མི་དམངས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།