དབུ་ཤོག>གསར་འགྱུར།
  • ཁྱེད་རང་མོས་མཐུན་ཡོད་ཚེ་ང་ཚོས་རྒན་གསོ་བྱེད་ཆོག

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-25
    ཉེ་ཆར་གསར་འགོད་པ་འཕྱོངས་རྒྱས་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་མིག་ལམ་དུ་ཁོར་ཡུག་མཛེས་པ་དང་། གཙང་སྦྲ་ལྡན་པ། སྒྲིག་བཀོད་ཆ་ཚང་བ་བཅས་ཀྱི་གྲལ་སྟར་སྒྲིག་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ དང་དེང་རབས་ཅན་གྱི་སྤྱི་ཤག་དང་བོད་བཟོའི་ཉམས་འགྱུར་ཟུང་འབྲེལ་བྱེད་པའི་བཟོ་ སྐྲུན་དེས་ཉེ་འགྲམ་གྱི་སྲོལ་རྒྱུན་བོད་བཟོའི་གྲོང་མིའི་སྡོད་ཁང་དེ་བས་མཛེས་ སྡུག་ལྡན་པར་མངོན།

    འཕྱོངས་རྒྱས་རྫོང་དམངས་སྲིད་ཅུས་ཀྱི་ཁ་སྤྲོད་དུ་གནས་པའི་འགན་ལེན་ལྔའི་གཅིག་ སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ནི་སྤྱིའི་མ་འཇོག་སྒོར་ཁྲི་1622བྱས་པའི་ འཕྱོངས་རྒྱས་རྫོང་གི“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”གྲས་ཤིག་ཡིན་པ་དང་ དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1298བཏང་བ་དང་བོད་སྐྱོར་མ་དངུལ་སྒོར་ ཁྲི་324བཏང་ནས་2015ལོའི་ཟླ་བ་བདུན་པར་ཨར་རྒྱག་ལས་གྲུབ་ཟིན་པ་རེད། ལུས་གསོ་དང་། གསོལ་དལ། སྨན་བཅོས། ནད་སྐྱོང་། བདེ་ཐང་སླར་གསོ། ཚེ་མཇུག་གི་བྱམས་སྐྱོང་བཅས་གཞི་གཅིག་ཏུ་བྱེད་པའི་སྤྱི་ཚོགས་ཕན་བདེའི་ལྟེ་ གནས་གསར་པ་ཞིག་ཡིན་པ་དེར་འགན་ལེན་ལྔའི་རྒན་རྒོན་62གཅིག་སྡུད་ཐོག་བསྙེན་ བཀུར་བྱེད་ཀྱི་ཡོད་པ་རེད།

    ལོ་70ལ་སླེབས་པའི་རྒན་མོ་ཀུན་བཟང་མཚོ་མོ་ནི་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་ ཚོགས་ཆུང་དང་པོའི་གྲོང་མི་ཡིན་པ་དང་ཁོང་དེ་སྔོན་གང་སར་ལྷག་པ་འཛུལ་བའི་ས་ཕག་ ཁང་པ་ཞིག་ནང་སྡོད་ཀྱི་ཡོད། ཆུང་དུས་ནད་ཕོག་པའི་རྐྱེན་གྱིས་རྐང་ལག་ཐང་པོ་མེད་པ་དང་འཚོ་བའང་རང་སྐྱ་འཕེལ་ གྱི་མེད། ད་ལོ་བསྙེན་བཀུར་ལྟེ་གནས་སུ་སྤོས་པ་ནས་བཟུང་འཚོ་བ་སྔར་བས་བག་ཕེབས་དང་སྟབས་ བདེར་སོང་ཡོད། “འདིར་སླེབས་རྗེས་ངའི་འཚོ་བ་དེ་སྔོན་དང་བསྡུར་ན་དངོས་གནས་སྐྱིད་དུ་ཕྱིན་ སོང།   བསྙེན་བཀུར་ལྟེ་གནས་ཀྱིས་ང་ལྷ་སར་སྨན་བཅོས་བྱེད་པར་སྐྱེལ་བ་མ་ཟད་གོས་འཁྲུད་ རོགས་དང་ལྟོ་བཟོ་རོགས་བྱེད་མཁན་ཡང་འདུག་ལ་ལྟོ་དུས་གསུམ་གྱི་སྣ་ཁའང་འདྲ་གི་ མི་འདུག ད་དུང་ལོ་ལྟར་གྱོན་ཆས་གསར་པ་ཆ་ཚང་5སྤྲོད་ཀྱི་འདུག་པས་དངོས་གནས་སྐྱིད་པོ་ འདུག”ཅེས་ཀུན་བཟང་མཚོ་མོས་སེམས་འགུལ་ཐེབས་པའི་ངང་བཤད།

    རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་ཚོགས་ཆུང་དང་པོའི་རྒན་རྒོན་བྲེ་སྲང་གི་ བཟའ་ཟླ་དུས་རབས་གོང་མའི་ལོ་རབས་70པར་ནད་གཞི་ཕོག་ནས་གྲོངས་རྗེས་2009ལོར་བུ་ ཕྲུག་མེད་པའི་ཁོང་འཕྱོངས་རྒྱས་རྫོང་གི་རྒན་བཀུར་ཁང་དུ་བསྡད། ད་ལོ་རྫོང་རྒན་བཀུར་ཁང་ནས་འགན་ལེན་ལྔའི་གཅིག་སྡུད་བསྙེས་བཀུར་ཞབས་ཞུ་ལྟེ་ གནས་སུ་སྤོས། གསར་འགོད་པ་ཡོང་བ་མཐོང་སྐབས་རྒད་པོས་གསར་འགོད་པའི་ལག་ནས་བཟུང་སྟེ་ད་ལྟའི་ བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་བཤད། “དེ་སྔོན་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཞན་པས་དཀའ་ལས་མང་པོ་བརྒྱབ་པ་ཡིན།   ད་ཆ་འདིར་སླེབས་རྗེས་རྫོང་ནས་ང་ཚོ་འགན་ལེན་ལྔའི་རྒན་རྒོན་གྱི་འཚོ་བར་དོ་ ཁུར་ཆེན་པོ་བྱེད་ཀྱི་འདུག དོ་དམ་གཅེས་སྐྱོང་མི་སྣས་དབྲེ་བཙོག་པ་དང་དཀའ་ལས་ལ་མི་འཛེམས་པར་ང་ཚོར་ལྟ་ སྐྱོང་ཧ་ཅང་ཡག་པོ་བྱེད་ཀྱི་འདུག དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན། ད་ལྟའི་འཚོ་བ་འདི་འདྲ་ལྷ་ཡུལ་དུ་སླེབས་པ་ལྟར་འདུག”ཅེས་བཤད་པ་རེད།

    རྒན་རྒོན་ཀུན་བཟང་མཚོ་མོ་དང་བྲེ་སྲང་ལྟར་ད་ཆ་འཕྱོངས་རྒྱས་རྫོང་དུ་འགན་ལེན་ ལྔའི་རྒན་རྒོན་177ཚང་མ་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་རོལ་བཞིན་མཆིས།

    མིག་སྔར་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་ལེན་ལྔའི་རྒན་རྒོན་ཚང་མ་གྲོང་ གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་འགན་ལེན་ལྔའི་དུད་ཚང་གི་ ཟས་གོས་སྡོད་འགྲོ་དང་དུར་སྐྱེལ་སོགས་ཚང་མའི་བསྙེན་བཀུར་སྲིད་ཇུས་སྒོ་ཀུན་ ནས་དོན་འཁྱོལ་བྱས་པ་དང་འགན་ལེན་ལྔའི་རྒན་རྒོན་ལ“རྒས་དུས་འཚོ་བརྟེན་ཡོད་པ་ དང་། རྒན་དུས་སློབ་མཁན་ཡོད་པ། རྒས་དུས་ལས་ཀ་བྱ་རྒྱུ་ཡོད་པ། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སྤྲོ་སྐྱིད་གཏོང་ས་ཡོད་པ”བཅས་འགན་ལེན་ལྔའི་སྨན་རིན་དང་གཤིན་པོ་དུར་ སྐྱེལ་འགྲོ་གྲོན་100%འགྲོ་སོང་འགྲོ་སོང་རྩིས་ཞུ་ཡོད་པ་དང་གཅིག་སྡུད་བསྙེན་ བཀུར་ནང་ཞུགས་འདོད་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་100%ཡི་བསྙེར་བཀུར་དམིགས་ཚད་ མངོན་འགྱུར་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།