
ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ནི་འཕྱོགས་རྒྱས་རྫོང་གི“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”གྲས་ཤིག་ཡིན་པ་དེར་ཁྱོན་མ་དངུལ་སྒོར་ཁྲི་1622བཏང་བ་དང་དེར་འཚོ་རྟེན་དང་། སྤྲོ་གསེང་། སྨན་བཅོས། ནད་གཡོག ལུས་གསོ་སོགས་གཅིག་ཏུ་འདུས་པའི་སྤྱི་ཚོགས་ཕན་བདེའི་ལྟེ་གནས་གསར་པ་ཞིག་ཡིན་པ་དེའི་ནང་འགན་ལེན་ལྔའི་རྒན་རྒོན་66ཡོད་ཅིང་། འདི་ནི་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོ་དགུང་ཟས་ཟ་བཞིན་པའི་གནས་ཚུལ་ཡིན་པ།
རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་གཉིས་མཉམ་དུ་བསྒྲིལ་ཚུན་གྱི་ལོ་གཅིག་ལྷག་ཙམ་རིང་ཡུལ་མིའི་ཡོང་འབབ་བགོ་འགྲེམས་བསྐྱར་མ་བྱེད་པ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་བཅས་ཐད་ཀྱི་ནུས་པ་རགས་ཙམ་ཆགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་འཕེལ་རིམ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
རང་ལྗོངས་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་འཕེལ་རྒྱས་ཆུ་ཚད་ཐད“མཐོ་བ་གསུམ”གྱི་ཁྱད་ཆོས་མངོན་ཡོད་དེ། གཅིག་ནི་གཅིག་གྱུར་འཆར་འགོད་རིམ་པ་མཐོ་བ། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀུན་གྱི་སྔོན་ལ་རྒན་གསོ་འགན་བཅོལ་གྱི་ས་ཁུལ(གྲོང་ཁྱེར)རིམ་པའི་གཅིག་གྱུར་འཆར་འགོད་དོ་དམ་ལག་བསྟར་བྱས་པ་དང་། 2011ལོར་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད། གཉིས་ནི་འགན་བཅོལ་ནང་ཞུགས་ཚད་མཐོ་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་འགན་བཅོལ་ནང་ཆ་སྙོམས་ཞུགས་ཚད་92.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་80%ཡི་ཆ་སྙོམས་ཞུགས་ཚད་ལས་མཐོ་བ། གསུམ་ནི་རྨང་གཞིའི་རྒན་གསོ་དངུལ་གྱི་ཆུ་ཚད་མཐོ་བ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཐོབ་ཐང་ལག་བསྟར་དུས་འགོར་མི་རེར་ཟླ་རེར་སྒོར་55ཡིན་པ་དེ་2014ལོར་མི་རེར་ཟླ་རེར་སྒོར་120བར་མཐོ་རུ་བཏང་བ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ཐོབ་ཐང་དང་མཉམ་ཞིང་།2015ལོར་མི་རེར་ཟླ་རེར་སྒོར་140བར་ཡང་བསྐྱར་མཐོ་རུ་བཏང་བ་དེ་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བཅས་རེད།
གྲོང་ཚོའི(ཡུལ་མི)ཨུ་ལྷན་གྱི་ཁོངས་མིའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཁ་གསབ་ཚད་གཞི་མི་འདྲ་བའི་གནད་དོན་ལ་དམིགས་ནས་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཤིང“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་འགན་འཁུར་ནས་ལོ་ཧྲིལ་པོ་1སོང་བ་དང་་ལས་འགན་འཁུར་ཡུན་ནང་དངུལ་སྤྲོད་ཁ་གསབ་དེ་སྔའི་1∶0.5ནས་1∶1བར་མཐོ་རུ་བཏང་ནས་ཡུལ་མིའི་ཨུ་ལྷན་གྱི་ཁོངས་མི་དང་མཉམ་པར་བྱེད་རྒྱུ་དང་། ལས་འགན་འཁུར་མཚམས་བཞག་རྗེས་དངུལ་སྤྲོད་ཚད་གཞི་སོ་སོས་འདེམས་རྒྱུ་མ་ཟད། ད་དུང་དེ་མཚུངས་ཀྱི་སྲིད་ཇུས་དངུལ་སྤྲོད་རིམ་པའི་ཁ་གསབ་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད། དགོན་ཕན་གྲྭ་ཕན་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པའི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་སྒྲིག་ཁོངས་ནང་གི་གྲྭ་བཙུན་ལ་སོ་སོར་ཐོབ་པའི་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་རིམ་པ་མཐོ་ཤོས་ཀྱི་ཐོག་ནས་ཁག་སོ་སོར་100%དང་། 50% 25%བཅས་ཀྱི་རོགས་དངུལ་ཁ་་གསབ་སྤྲོད་རྒྱུ་ཡིན་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱས་ཚུན་གྱི་ལོ་གཅིག་རིང་ཡུལ་མིའི་ཡོང་འབབ་ཡང་བསྐྱར་བགོ་བཤའ་རྒྱག་པ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་བཅས་ཐད་ཀྱི་ནུས་པ་རགས་ཙམ་ཐོན་ཡོད་པ་རེད།