དབུ་ཤོག>གསར་འགྱུར།
  • དབུལ་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-23

    ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་ནི་རྒྱལ་ཁབ་ཀྱིས“ཞིང་གསུམ”ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་གལ་ཆེན་དང་། ཞིང་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བ། ཞིང་པ་ཕྱུག་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན། “དམངས་སེམས་འདུ་འགོད”བཅས་རེད།

    གསར་འགོད་པས་ལྷོ་ཁ་ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གི་ཀྲུའུ་རེན་ཏེང་ཅན་ཅུན་ལ་“ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་། ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་དོན་ཇི་ལྟར་སྤེལ་བའི་སྐོར་ལ་བཅར་འདྲི་ཞུས་པ་ཡིན།

    ཏེང་ཅན་ཅུན་གྱིས“ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་དོན་དེ་ཞིང་འབྲོག་ཁུལ་གྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྲིད་གཞུང་གིས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། དེས་ན་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་དམིགས་ཚད་དེར་དམ་པོར་དམིགས་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རིང་མ་དངུལ་གཏོང་ཤུགས་དང་གསར་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བཤད་བྱུང་།

    “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི‘དབུལ་སྐྱོར་གསར་སྤེལ་བྱེད་རིང་གནད་ལ་སྨིན་པོ་བྱུང་མིན་དེ་གལ་ཤིན་ཏུ་ཆེན་པོ་ཞིག་རེད། ལས་དོན་འགྲུབ་མིན་གྱི་འགག་རྩ་དེ་གནད་ལ་སྨིན་མིན་ལ་ཐུག་ཡོད’ཅེས་པའི་བླང་བྱ་གཞིར་བཟུང་། དབུལ་པོ་ཡང་སྙིང་མང་ཉུང་ཇི་ཙམ་ཡོད་པ་མཐིལ་རྟོགས་དང་དབུལ་པོ་ཆགས་རྐྱེན་གསལ་རྟོགས་བྱས་ནས་གནད་སྨིན་དབུལ་སྐྱོར་བྱེད་ཐབས་སྤྱོད་དགོས། དེའི་ནང་གི་གཙོ་བོ་ཞིག་ནི་གསར་སྤེལ་རོགས་སྐྱོར་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དང་། ནུས་པ་ཆེ་རུ་བཏང་སྟེ་ལས་ཞུགས་ཐུབ་པར་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱ་རྒྱུ། འགན་ལེན་མཐིལ་རྟོལ་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱ་རྒྱུ། དབུལ་སྐྱོར་གནས་སྤོ་བྱས་ནས་ཁག་གཅིག་བཀོད་སྒྲིག་བྱ་རྒྱུ། སྨན་བཅོས་རོཌ་སྐྱོབ་བྱས་ནས་ཁག་གཅིག་ལ་རོཌ་སྐྱོར་བྱ་རྒྱུ་བཅས་ཀྱི་ཐབས་ལ་བརྟེན་ནས་རྒྱ་ཆེའི་དུད་ཚང་དབུལ་པོ་རྣམས་དབུལ་སྒྲོལ་བྱུང་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་འགན་ལེན་བྱ་དགོས”ཞེས་ཏེང་ཅན་ཅུན་གྱིས་བཤད་བྱུང་།

    སླད་ཕྱིན་གྱི་ལས་དོན་སྐོར་གླེང་སྐབས། ཏེང་ཅན་ཅུན་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་དོན་ལ་ཆ་མཚོན་ན། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་དགོས་པ། ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་གཏོང་དགོས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་བའི་ཁར། ཞིང་ལས་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བྱེད་ཕྱོགས་གཙོ་བོར་བཟུང་སྟེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་། སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་དོན་གཙོ་བོར་མུ་མཐུད་སྐུལ་འདེད་བཏང་ནས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།