དབུ་ཤོག>གསར་འགྱུར།
  • དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-10-23

    ཉེ་དུས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་དང་འབྲེལ་བའི་ཚོགས་འདུ་བསྟུད་མར་འཚོགས་ནས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་ཧ་ཅང་གལ་འགངས་ཆེ་བ་བསྟན་པར་བརྟེན།

    ང་ཚོས་བསམ་བློའི་ཐོག་ནས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་ལ་མཐོང་ཆེན་གྱིས་དབུལ་པོའི་གནས་ལས་གྲོལ་བར་བྱ་རྒྱུ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ། མཉམ་དུ་ཕྱུག་པོ་ཆགས་པར་བྱ་རྒྱུ་ནི་ང་ཚོའི་ཏང་གི་ལས་འགན་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས།

    དང་པོ་ངོས་འཛིན་ཟབ་ཏུ་བཏང་ནས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་གྱི་གལ་གནད་ཤེས་པ་དགོས། དབུལ་སྐྱོར་དཀའ་སེལ་བྱ་རྒྱུ་ནི་ཞིང་ལས་གསར་སྤེལ་ལས་དོན་ཁྲོད་ཀྱི་འགངས་ཆེན་ཞིག་ཡིན་ལ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལྷོ་ཁ་ས་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱོད་འཐུས་ཀྱི་བྱ་ཐབས་ཞིབ་ཕྲ་བཟོས་ནས་དགོས་གཏུགས་དང་རང་འགུལ་སེམས་པ་ཆེ་རུ་བཏང་སྟེ་ནུས་ལྡན་དང་། དམིགས་ས་ཆེ་བ། ནུས་པ་མངོན་གསལ་ལྡན་པ། ཕན་འབྲས་རྒྱུན་རིང་གནས་པའི་བྱ་ཐབས་བཏོན་ནས། 2020ལོར་སླེབས་སྐབས་ལྷོ་ཁ་ས་ཁུལ་གྱི་མི་འབོར་དབུལ་པོ་ཚང་མ་དབུལ་པོའི་གནས་ལས་གྲོལ་བར་བྱེད་ཐུབ་པ་བྱེད་དགོས།

    གཉིས་པ་ངོས་འཛིན་གཅིག་མཐུན་དང་བཀོད་སྒྲིག་ནན་ཏན་གྱིས་དབུལ་པོའི་གནས་ཚུལ་མཐིལ་རྟོགས་ཐུབ་པ་དགོས། དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་ནི་ལེ་ལག་ཚང་བའི་འདུ་འགོད་ཅིག་ཡིན་ལ་དམངས་འཚོ་དང་འབྲེལ་བ་ཤིན་ཏུ་དམ་པའི་དམངས་སེམས་འདུ་འགོད་ཅིག་ཀྱང་ཡིན་པར་བརྟེན་རིམ་ཁག་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་སྡེ་ཚན་གྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བའི་ཐོག་གནད་སྨིན་དབུལ་སྐྱོར(ཞིང་ལས་གསར་སྤེལ)གྱི་འཆར་གཞི་འགོད་པ་དང་། མཐིལ་རྟོགས་བྱེད་པ། དམིགས་ཚད་བཟོ་བའི་སྒོ་ནས་མི་འབོར་དབུལ་པོའི་ཁྱབ་ཚུལ་དང་། ཁོངས་གཏོགས་གསལ་ཤེས་ཀྱིས་ས་ཁུལ་དང་རྫོང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་ས་ཁོངས་དང་། དབུལ་པོ་ཆགས་རྐྱེན། མི་འབོར་དབུལ་པོ་ཇི་ཡོད། ས་ཁུལ་དང་རྫོང་གི་དབུལ་སྐྱོར་ལས་དོན་གནད་སྨིན་ཡོང་ཐབས་བཅས་གཏན་ལ་འབེབས་དགོས།

    གསུམ་པ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་མ་གཏོང་བའི་འགན་སེམས་དང་དགོས་གཏུགས་སེམས་པ་མུ་མཐུད་ཆེ་རུ་བཏང་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཏང་ཨུད་དང་སྲིད་གཞུང་སྡེ་ཚན་གྱིས་འགན་འཁྲི་གཙང་སྒྲུབ་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དབུལ་སྐྱོར(ཞིང་ལས་གསར་སྤེལ)ལས་དོན་གྱི་གལ་འགངས་ལ་ངོས་འཛིན་བྱས་ཏེ། འགན་འཁུར་བ་གཙོ་བོའི་འགན་ནན་དུ་བཏང་ནས་གནད་སྨིན་དབུལ་སྐྱོར་གང་ནུས་ཡོང་བ་བྱེད་པའི་ཁར་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་ཏེ་གྲོང་ཚོ་དང་དུད་ཁྱིམ་ལ་བསྐྱོད་ནས་དབུལ་པོའི་གནས་སྟངས་མཐིལ་རྟོགས་དང་དབུལ་པོ་ཆགས་རྐྱེན་ཁོང་དུ་ཆུད་པ་བྱས་ཏེ་དབུལ་པོའི་གྲངས་ཚད་དང་དབུལ་པོ་ཆགས་རྐྱེན་སེམས་ནང་རྩིས་ཡོད་པའི་ཐོག་ནས་དམིགས་འཛུགས་ཀྱི་དབུལ་སྐྱོར་ཁ་གཏད་གཅོག་ཐབས་བཟོས་ཏེ་དབུལ་སྐྱོར་དངོས་འབྲེལ་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།