དབུ་ཤོག>གསར་འགྱུར།
  • ​ མང་ཚོགས་ལ་ཕན་པ་བསྐྲུན་པར་འབུངས་བའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ཉི་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-23

    མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་འདི་འདྲ་ཞིག་ཡོད་དེ། ཁོང་གིས་རང་ཉིད་ཀྱི་འོད་དང་དྲོད་ཚང་མ་ལས་གནས་དཀྱུས་མ་དེའི་ཐོག་སྦྱིན་པ་མ་ཟད། ད་དུང་མང་ཚོགས་དང་འབྲེལ་བ་དམ་ཟབ་སྒོས་ཁོང་ཚོའི་རྟེན་ས་བྱས་ནས་ཧུར་ཐག་འབད་ཐག་དང་། རང་འགན་ནན་སྒྲུབ། ལྷག་བསམ་དག་པོས་ལེགས་སྐྱེས་འབུལ་བ་བཅས་བྱེད་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས“ལྷག་བསམ་རྣམ་དག་དང་། སྤྱོད་པ་དྭངས་གཙང་། འགན་འཁྲི་ཁུར་ཕོད་པ”བཅས་ཀྱི་གཟུགས་བརྙན་ཡག་པོ་བཏོད་པར་རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་ཞིག་ཡོད་པ་ཁོང་ནི་སྐལ་བཟང་ཉི་མ་རེད།

    སྐལ་བཟང་ཉི་མས་ཀྲུའུ་རེན་གྱི་འགན་ཁུར་ཚུན། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། ཏང་ཡོན་བཅས་སྒྲིག་འཛུགས་བྱས་ནས《རྒྱལ་ཡོངས་ཀྱི་གློག་བརྙན་སློབ་ཁྲིད་ཕུལ་བྱུང་འགྲེམས་སྟོན》དང་། 《ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། སྔོན་གཏོད་ལེགས་བརྩོན》 《ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ》《ཚན་རིག་ཁྱབ་སྤེལ་སྐར་ཁུང》 《གྲོང་གསེབ་འཕྲོད་བསྟེན》 《ཞིང་ལས་ཐོན་སྐྱེད་གཉེར་སྐྱོང》སོགས་ཆེད་དོན་བརྙན་ཕབ་རབ་དང་རིམ་པ་བལྟས་པར། རིམ་རྩིས་བརྒྱབ་ན་ཐེངས་100ལྷག་ཙམ་ཟིན་ནས་ཚང་མའི་མིག་རྒྱ་ཆེ་རུ་དང་ཤེས་རྒྱ་འཕེལ་ཏེ་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་བྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་དོ་སྣང་བྱས་ཤིང་། དག་པ་གྲོང་ཚོའི་ཞིང་འབྲོག་ལས་གཙོ་བོར་བྱས་པའི་ཐོན་སྐྱེད་བྱེད་སྟངས་ལ་སྔར་བས་འགྱུར་ལྡོག་གཏོང་ཆེད། དག་པ་གྲོང་ཚོའི་ཞིང་འབྲོག་ལས་ཕྱོགས་བསྡུས་ཚན་རྩལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་ནས་དྲོད་ཁང་ཆེན་མོ་124(མུའུ་100)བརྒྱབ་པའི་ནང་སྔོ་ཚལ་དང་ཤིང་ཏོག་སྣ་ཁ་20ལྷག་ཙམ་བཏབ་སྟེ་དུད་ཚང་124ལ་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱས་ཡོད། དུད་སྦྲེལ་ཕྱུག་འགྱུར་བྱེད་རྒྱུར་དོ་སྣང་བྱས་ཤིང་། “གཉིས་ལྡན་དུད་སྦྲེལ”ལས་དོན་དང་ཟུང་འབྲེལ་སྒོས་དག་པ་གྲོང་ཚོའི་ཚོགས་ཆུང་དང་པོ་དང་བཞི་པའི་མང་ཚོགས་སྒྲིག་འཛུགས་བྱས་ནས་དུད་སྦྲེལ་ཚན་པར་བཟུང་སྟེ་ཞིང་འབྲོག་པའི་ལས་སྒྲུབ་རུ་ཁག་བཙུགས་ཤིང་། 2009ལོར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི་116བརྩོན་ལེན་བྱས་ཐོག་དག་པ་གྲོང་ཚོའི་སྲོལ་རྒྱུན་རྫ་བཟོའི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་དག་པ་གྲོང་ཚོར་རྫ་ཆས་བཟོ་གྲྭ་བཙུགས་པ། དག་པ་གྲོང་ཚོའི་ཨར་འདམ་ཐོན་རྫས་བཟོ་གྲྭ་གང་འགབ་ཅི་སྤྱོད་བྱས་རྗེས་ཕྱུག་འགྱུར་འཇོན་ཐང་ཅན་ལ་འགན་གཙང་སྤྲད་དེ་དག་པ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྔར་བས་མང་དུ་བཏང་བ། གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་དང་མཐུན་སྦྱོར་བྱས་ནས་དག་པ་གྲོང་ཚོའི་དཀར་རག་བཟོ་གྲྭ་བཙུགས་པ་བཅས་དང་། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་ཆེད། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྩོན་ལེན་བྱས་པའི་མ་རྩ་སྒོར་ཁྲི་120ལྷག་ཙམ་ཟིན་པའི“དག་པ་གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས”མཐུན་སྦྱོར་དོན་འཁྱོལ་བྱས་པ་མ་ཟད། ད་དུང་གྲོང་ཚོའི་གཞུང་ལམ་གཡས་གཡོན་དུ་ཉི་ནུས་ལམ་སྒྲོན་བསྒར་ནས་གྲོང་མིའི་ཚོགས་ཆུང་3དང་མང་ཚོགས་756གི་ཕྱིར་སྐྱོད་དཀའ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ཁོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཐུན་སྦྱོར་བྱས་ནས་དག་པ་གྲོང་ཚོར་གྲོང་ཚོའི་བགྲོད་ལམ་འཛུགས་སྐྲུན་དང་། ཞིང་ཆུའི་ཡུར་བུ་འཛུགས་སྐྲུན། ཆུ་འཐག་ཁང་འཛུགས་སྐྲུན་སོགས་དམངས་ཕན་དམངས་ཆེད་ཀྱི་རྣམ་གྲངས་ཡག་པོ་བརྩོན་ལེན་བྱས་པ་དང་། གཞན་ཡང་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་ཡངས་སུ་ཧུར་ཐག་བཏང་བའི་ཁར། རང་གྲོང་ཚོའི་ཞིང་འབྲོག་པའི་ལས་སྒྲུབ་རུ་ཁག་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱས་པ་མ་ཟད། རྒྱ་ཆེའི་གྲོང་མི་ཚོའི་དངུལ་སྨར་ཡོང་འབབ་ཀྱང་མང་དུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།