དབུ་ཤོག
  • ཤིང་ཏོག་ཡིའུ་ཙི་ཡི་ཁྱད་འཕགས་ནུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-22

    དང་པོ། ཤིང་ཏོག་ཡིའུ་ཙི་ཡིས་ངོ་གདོང་གི་གྲོ་ཐིག་དག་ཐུབ་པ།

    ངོ་གདོང་གི་པགས་པའི་ཞིབ་འཇུག་མཁས་ཅན་གྱིས་ཤེས་རྟོགས་བྱུང་བར་གཞིགས་ན། ཡིའུ་ཙིའི་ནང་འཚོ་བཅུད་Cཧ་ཅང་མང་པོ་འདུས་ཡོད་པས་ངོ་གདོང་གི་གྲོ་ཐིག་དག་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ།

    གཉིས་པ། ངོ་གདོང་གི་པགས་པ་དམ་དུ་འགྲོ་བ།

    ཡིའུ་ཙིའི་ནང་ཆེས་མང་བའི་འཚོ་བཅུད་Cའདུས་ཡོད་པར་བརྟེན།ལུས་པོའི་ནང་གི་རྒྱུ་ཆ་ཅའོ་ཡོན་ཏན་པའེ་འཕེལ་ཐུབ་ཀྱི་ཡོད་ཅིང་། རྟག་ཏུ་ཤིང་ཏོག་ཡིའུ་ཙི་བཟས་ན་ངོ་གདོང་གི་པགས་པ་འཇམ་པོར་འགྱུར་བ་དང་དམ་དུ་འགྲོ་ཐུབ་པས་ཡིའུ་ཙི་ནི་ངོ་གདོང་གི་པགས་པ་སྲུང་སྐྱོབ་བྱ་རྒྱུར་ཕན་པའི་ཤིང་ཏོག་ཅིག་ཡིན།

    གསུམ་པ། ཀླད་པར་སྲུང་སྐྱོང་ཡོང་བ།

    ཞིབ་འཇུག་འབྲས་བུ་གསར་པར་གཞིགས་ན། ཡིའུ་ཙིའི་ནང་ཧོང་དུང་རིགས་ཀྱི་རྒྱུ་ལྡན་ཡོད་པས་དེས་ལུས་པོའི་ནང་ཁྲག་རྩའི་ནུས་པ་ཆེ་རུ་གཏོང་བ་དང་གཉེན་ཚད་འཇོམ་པའི་ནུས་པ་ཐོན་པས། རྟག་ཏུ་ཤིང་ཏོག་ཡིའུ་ཙི་བཟས་ན་ཀླད་པར་སྲུང་སྐྱོབ་ཐུབ་ནས་གྲིབ་སྐྱོན་གྱི་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།

    བཞི་པ། ལུས་པོ་ཐང་དུ་འགྲོ་བ།

    ཤིང་ཏོག་ཡིའུ་ཙིས་མིའི་ལུས་པོར་འཚོ་བཅུད་ཀའེ་དང་ལྕགས་རྒྱུ་འཇུ་ལེན་བྱེད་རོགས་བྱེད་པ་དང་། དེ་མིན་ཡིའུ་ཙིའི་ནང་ལྷན་སྐྱེས་ཡེ་སོན་མང་པོ་ཡོད་པས་སྦྲུམ་མར་ཕན་ཐོགས་ཆེན་པོ་ཡོད།

    ལྔ་པ། སྙིང་ལ་ཕན་པ།

    ཉིན་རེར་ཡིའུ་ཙི་རེ་བཟས་ན་ལུས་པོའི་བདེ་ཐང་ལ་གནོད་པའི་གྲུབ་ཆ་འགའ་ཉུང་དུ་འགྲོ་ཐུབ་པ་དང་། ལྷག་པར་དུ་ཡིའུ་ཙི་དམར་པོས་སྙིང་ཁམས་བདེ་ཐང་ཐད་ཕན་པ་ཆེན་པོ་ཡོད།   

    ཞོར་ལ་ཤིང་ཏོག་ཡིའུ་ཙི་འདེམས་སྟངས་ཀྱི་ཤེས་བྱ་འགའ་ཀློག་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་སྟེ།

    རྩེ་རྣོ་པོ་འདེམས་པ་ལས་སྒོར་མོ་འདེམས་མི་རུང་བ་གཅིག

    ཆེན་པོ་འདེམས་པ་ལས་ཆུང་ཆུང་འདེམས་མི་ཉན་པ་དང་གཉིས།

    ཁ་དོག་སེར་པོ་འདེམས་པ་ལས་སྔོན་པོ་འདེམས་མི་རུང་བ་དང་གསུམ།

    ལྗིད་པོ་འདེམས་པ་ལས་ཡང་པོ་འདེམས་རྒྱུ་མེད་པ་དང་བཞི།

    མཛུབ་མོས་ཤིང་ཏོག་ཡིའུ་ཙི་ཡི་པགས་པ་ཤུགས་ཆེན་པོས་མནན་ན་མཁྲེགས་པོ་ཡིན་ཚེ་ཉོ་དགོས་པ་དང་ལྔ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།