དབུ་ཤོག
  • ན་ཚོད་དར་མར་མ་སླེབས་གོང་ནས་གྲིབ་སྐྱོན་ནད་ལ་སྔོན་འགོག་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-21

    གྲིབ་སྐྱོན་ནད་དེ་ད་ཆ་ཁྱབ་ཆེ་རུ་འགྲོ་བའི་སྣང་ཚུལ་ཐོན་བཞིན་ཡོད་པ་དང་། སྔོན་མ་དང་མི་འདྲ་བར་གཞོན་དར་མི་ཚོགས་ནང་དུའང་ནད་དེ་ཐོན་པ་མང་པོ་ཡོད། རྒྱུ་རྐྱེན་གཙོ་བོ་ཞིག་ནི་ད་ཆའི་གཞོན་ནུས་ཀླད་པ་དཀྲུག་རྒྱུ་མང་དྲགས་པ་དང་། ཐ་མ་འཐེན་དྲགས་པ། ལས་ཀར་སེམས་ནད་ཆེ་བ། རྣམ་ཀུན་ལུས་སྦྱོང་ཉུང་བ། བདེ་ཐང་ལ་གནོད་པའི་ཟ་འཐུང་གི་གོམས་གཤིས་ངན་པ་འཇགས་པ་སོགས་རེད།

    གྲིབ་སྐྱོན་མ་ཕོག་གོང“འཕྲིན་བརྡ”10ཐོན་སྲིད་པས་ཡིད་གཟབ་བྱེད་དགོས་པ་གཤམ་གསལ།

    1.ལྕེ་ན་བ། 2.སྣ་ཁྲག་ཐོན་པ། 3.མགོ་ཡུར་འཁོར་བ། 4.མིག་གཅིག་གློ་བུར་ནག་པོ་ཆགས་པ། 5.ཨ་སྟོང་ཡང་སེ་རྒྱག་པ། 6.མཛུབ་མོ་སྦིར་བ། 7.གཏམ་སྨྲ་བའི་ཚིག་མི་གསལ་བ། 8.རྒྱུ་རྐྱེན་མི་གསལ་བར་འགྱེལ་བ། 9.རྐང་ལག་དབང་མེད་དུ་སྒུལ་བ། 10.ཞེ་མེར་ལངས་པ་དང་སྐྱུག་པ་ཤོར་བ་བཅས་སོ། སྣང་ཚུལ་དེ་དག་ཐོན་ཚེ་ངེས་པར་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་ལ། སྨན་པའི་ཁ་ཏ་བསླབ་བྱར་ཉན་ནས་ཡིད་གཟབ་བྱེད་དགོས།

    རྣམ་ཀུན་གྲིབ་སྐྱོན་ནད་ལ་སྔོན་འགོག་བྱེད་དགོས་ན་ངེས་པར་དུ་སྔོན་ལ་ཁྲག་ཤེད་མཐོ་པོའི་ནད་ལ་སྔོན་འགོག་བྱེད་དགོས་དང་། དེ་ནས་སྙིང་ཁམས་ཀྱི་ནད་གཞི་ཕོག་རྒྱུར་སྔོན་འགོག་བྱེད་དགོས། གཞན་ཡང་ཆང་རག་དང་ཐ་མག་གཅོད་དགོས་ལ། ཞག་ཚི་ཆེ་བའི་ཟས་རིགས་ཁ་འཛེམ་དགོས་པ་དང་། ལུས་སྦྱོང་རྒྱུན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།