དབུ་ཤོག>གསར་འགྱུར།
  • ​ སྐྱིད་པའི་འཚོ་བར་བདེ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-21

    འདི་ནི་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ལས་བྱེད་རྒན་གྲས་རྒྱ་མཚོས་བྲ་བོའི་ཁུར་བཟོ་བཞིན་པ།

    འདི་ནི་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་རངས་གྲོང་ཚོའི་མཉམ་ལས་ཁང་དུ་ མང་ཚོགས་ཀྱིས་མོན་ཡུལ་བདུད་རྩི་རྟགས་ཅན་གྱི་ཨ་རག་དཀར་པོ་ཐུམ་སྒྲིལ་རྒྱག་ བཞིན་པ།

    འདི་ནི་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་རངས་གྲོང་ཚོའི་མཉམ་ལས་ཁང་དུ་མང་ཚོགས་ཀྱིས་མོན་ཡུལ་བདུད་རྩི་རྟགས་ཅན་གྱི་ཨ་རག་དཀར་པོ་བཙོ་བའི་གནས་ཚུལ་ཡིན་པ།

    217032_yis_1444887866604.jpg

    འདི་ནི་འདི་ག་ཚགས་པར་གྱི་གསར་འགོད་པས་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་དུ་ཏང་ཡོན་རྒན་གྲས་ལ་བཅར་འདྲི་བྱེད་པའི་གནས་ཚུལ་ཡིན་པ།

    ཟླ་6པའི་ཟླ་སྨད་ཀྱི་ཉིན་ཞིག རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་བཅར་འདྲི་ཚོགས་ཆུང་དང་བཅས་པ་མོན་ཡུལ་གྱི་ལྟེ་བར་གནས་པའི་ལེགས་པོ་རོང་དུ་འབྱོར། མཚོ་སྣ་ནས་ལེགས་པོ་རོང་བར་གསར་དུ་བཟོས་པའི་སྣུམ་ནག་གཞུང་ལམ་བརྒྱུད། སྟག་མ་མེ་ཏོག་གིས་རབ་ཏུ་བརྒྱན་པའི་སྤོས་ལ་བརྒྱབ་ཅིང་། ས་རུབ་ལ་ཉེ་བའི་སྐབས་སུ་ང་ཚོ་ལེགས་པོ་དོན་གཅོད་ཁང་དུ་འབྱོར།

    རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་3000ཡང་མ་ཟིན་པའི་གས་པོ་རོང་ལ་གནའ་་་ནས་བཟུང“་ལ་་གསང་བའི་ཡུལ་ཁམས”ས་བརྗོད་ཀྱི་ཡོད། དེར་རྩི་ཤིང་ཕུན་སུམ་ཚོགས་ཤིང་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་ཡོད། དེ་ག་ནི་ཀྲུང་གོ་དང་རྒྱ་གར་གྱི་རང་སྲུང་རྒོལ་ལན་སློག་པའི་དམག་འཁྲུག་གི་མེ་མདའ་དང་པོ་རྒྱག་སའི་ས་ཆ་ཞིག་རེད། ལོ་50ཡི་རིང་། ལེགས་པོ་རོང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ང་ཚོ་བཅར་འདྲི་ཚོགས་ཆུང་གི་དམིགས་ཡུལ་གྱི་གྲས་ཤིག་ཡིན་པའི་སྐྱིད་པ་མོན་པ་མི་རིགས་ཤང་ནི་ལེགས་པོ་རོང་གི་མོན་པ་མི་རིགས་ཤང་4ཡི་གྲས་ཤིག་ཡིན་ཞིང་། གྲངས་ཉུང་མི་རིགས་གཞན་དག་དང་འདྲ་བར་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། སྐྱིད་པ་ཤང་གི་འགྱུར་ལྡོག་ཀྱང“མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་བརྗོད་ཆོག

    ཁྱད་ལྡན་ལམ་བུས་ཕྱོགས་གཅིག་གི་མི་སེར་ཕྱུག་པོར་གྱུར།

    གས་་རོང་གི་མཐིལ་དུ་གནས་པའི་ལེགས་པོ་མོན་པའི་མ་ཡུམ་གཙང་པོ་ཞེས་བརྗོད་པའི་ཉང་མོ་གཙང་པོས། ལོ་སྟོང་ཕྲག་དུ་མར་ལས་ལ་བརྩོན་ཞིང་བབ་ཆགས་པའི་མོན་པའི་མི་སེར་ཚོར་བདེ་སྐྱིད་བསྐྲུན་ཡོད། ཉང་མོ་གཙང་པོའི་ངོགས་ཀྱི“དམག་དཔོན་ཟམ་པའི”ཐོག་ཏུ་ལང་སྐབས། གཞན་དང་མི་འདྲ་བའི་ཚོར་སྣང་ཞིག་རང་ཤུགས་སུ་སྐྱེས། ཆུ་བོ་མི་རྒྱུག་ཟམ་པ་རྒྱུག་ཅེས་པའི་སྐད་ཆ་དེའི་གོ་དོན་ལ་ང་ཚོས་ངོས་འཛིན་གཏིང་ཟབ་བྱུང་། ཟམ་པ་དེ་ནི་སྐབས་དེ་དུས་ཀྱི་ཤིང་ཟམ་ནས་ད་ལྟའི་ལྕགས་དང་ཨར་འདམ་གྱི་ཟམ་པར་བཟོ་བཅོས་བརྒྱབ་པ་དང་། ཆུ་མོ་ནི་ཉིན་མཚན་མེད་པར་རྦ་རླབས་ལང་ལོང་དུ་འཕྱུར་ནས་རྒྱུག་གི་ཡོད། གལ་སྲིད་དུས་ཚོད་ཤིག་གཏན་འཁེལ་བྱས་ནས་བཤད་ན། དེ་ནི་ལོ་50ལྷག་ཙམ་གོང་ནས་ད་བར་རྒྱུན་ཆད་མེད་པར་ལང་ལོང་དུ་རྒྱུག་པའི་ཉང་མོ་གཙང་པོ་དེ་རེད།

    ལེགས་པོ་རོང་གི་ཉང་མོ་གཙང་པོར་ཀྱོག་ལམ་ཇི་ཙམ་ཡོད་པ་དང་། སྐྱིད་པ་ཤང་ལ་ཤར་གཏོང་ཐུབ་པའི་རི་ལམ་དེར་ཀྱོག་ལམ་ཇི་ཙམ་ཡོད་དམ། རི་ལམ་དེ་དེད་ནས་ང་ཚོ་ལེགས་པོ་རོང་གི་མཐིལ་དུ་གནས་པའི་སྐྱིད་པ་མོན་པ་མི་རིགས་ཤང་དུ་འབྱོར།

    ཤང་དུ་འབྱོར་སྐབས་ཉིན་གཉིས་པའི་ཉིན་གུང་རེད། སྐབས་དེར་ང་ཚོ་དང་ལོ་19ཤང་གི་ལས་བྱེད་པ་བྱས་པའི་སྐྱིད་པ་ཤང་གི་ཤང་ཀྲང་ཚེ་རིང་ཆོས་སྒྲོན་ཐུག་བྱུང་། ད་ཆའི་མོན་པའི་མང་ཚོགས་ཀྱི་འཚོ་བའི་སྐོར་གླེང་སྐབས། ཤང་ཀྲང་རྙིང་པ་དེར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཁོང་གིས་གསར་འགོད་པར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རོགས་རམ་འོག་དང་། དེ་བཞིན་ལག་བསྟར་བྱས་པའི་མཐའ་དར་དམངས་ཕྱུག་རྣམ་གྲངས་ཀྱིས་རྒྱ་ཆེའི་མོན་པ་རིགས་ཀྱི་མང་ཚོགས་ཚོར་ཕན་པ་ཐོབ་ནས་དུད་ཚང་ཚང་མས་ཁང་པ་གསར་པ་བརྒྱབ་པ་མ་ཟད། སྲིད་གཞུང་གིས་མོན་ཡུལ་དུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་རྒྱ་ཆེའི་མང་ཚོགས་རྣམས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་ཡོད་ཅེས་བཤད།

    སྐྱིད་པ་ཤང་གི་མངའ་འོག་ཡིན་པའི་སྐྱིད་པ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྐྱིད་རུ་བསྟན་འཛིན་ནི་2010ལོར་བདམས་ཐོན་བྱུང་བའི་གྲོང་ཚོའི་ཀྲུའུ་རེན་རེད། ཉེ་བའི་ལོ་ཤས་རིང་། ཁོང་གིས་སྐྱིད་པ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བྲ་བོ་ཐོན་ལས་དང་བོད་ཕག་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་བཏང་བས། མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ཡན་ཟིན་ཡོད། ཁོང་ཁྱིམ་གྱི་ཡོང་འབབ་འདྲི་སྐབས། སྐྱིད་རུ་བསྟན་འཛིན་གྱིས་བྲ་བོ་བཏབ་པ་ཁོ་ནར་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཟིན་གྱི་ཡོད། ད་ཆ་ཁྱིམ་ལ་ཕྱུགས་རིགས་ཆེ་ཆུང་མགོ་གྲངས་25ཡོད་ཅེས་འཛུམ་དམུལ་དམུལ་ངང་བཤད། ཁོང་གིས་ངའི་ཁྱིམ་དང་འདྲ་བའི་ཆ་རྐྱེན་ནི་གྲོང་ཚོར་སྤྱིར་བཏང་ཞིག་རེད་ཅེས་བརྗོད་ཆོག་ཟེར།

    གྲོང་ཚོའི་ནང་དུ་གསར་འགོད་པར་དབྱངས་ཅན་སྒྲོལ་མ་དང་རྡོ་རྗེ་བཀྲ་ཤིས་ཐུག་བྱུང་། ཁོང་ནང་མི་བདུན་གྱི་ཁྱིམ་ཚང་གི་བྲ་བོའི་ལོའི་ཡོང་འབབ་སྒོར་ཉིས་ཁྲི་དང་། དཔལ་འབྱོར་ཡོང་འབབ་གཞན་དག་སྒོར་ཆིག་ཁྲི་ལྷག་ཙམ་ཡོད། གཞན་ཡང་འབྲོག་ལས་ཐད། མར་དང་། ཕྱུ་ར། འབྲི་གཡག་སོགས་ཀྱི་ཡོང་འབབ་ཧ་ལམ་སྒོར་ཉིས་ཁྲི་ལྔ་སྟོང་ཙམ་ཡོད་པ་མ་ཟད། སྐྱེལ་འདྲེན་ལས་རིགས་ཀྱི་ཡོང་འབབ་སྒོར་ཁྲི་ལྔ་ཙམ་ཡོང་གི་ཡོད་ཅེས་བརྗོད་ཆོག

    སྐྱིད་རུ་བསྟན་འཛིན་གྱིས་ཡོང་འབབ་མང་པོ་རག་པའི་སྐྱིད་པ་བ་ཚོར་ད་ཆ་བྲ་བོ་འདེབས་པའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་ཡོད། ན་ནིང་སྐྱིད་པ་གྲོང་ཚོའི་བྲ་བོའི་ཐོན་ཚད་བསྡོམས་འབོར་སྤྱི་ཆིང་ཁྲི་དགུ་ཙམ་ཟིན་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཉིས་ཁྲི་ལྷག་ཙམ་བྱུང་ཡོད། འདི་ལོ་གྲོང་ཚོས་མང་ཚོགས་སྐུལ་སློང་བྱས་ནས་སླར་ཡང་ས་ཞིང་མུའུ་200ལྷག་ཙམ་གསར་སྦོལ་བྱས་ཡོད། ལས་སྣོན་ཞིབ་ཚགས་བྱས་པའི་བྲ་བོའི་སྔས་མགོ་དང་། བྲ་ཕྱེ། བྲ་ཆང་བཅས་ལ་ཁྲོམ་རའི་རིན་གོང་ལྡབ་འཕར་བྱུང་བ་མ་ཟད། ད་དུང་ཁྲོམ་རའི་མདུན་ལམ་ཡང་ཧ་ཅང་ཡག་པོ་ཡོད། དེར་བརྟེན་གྲོང་ཚོས་བྲ་བོ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་ཆེད་མངགས་བཙུགས་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང་30ཞུགས་ཡོད་པས་དེའི་ནང་ཞུགས་ཚད་90%ཡན་ཟིན་ཡོད་ཅེས་བཤད།

    སྒྱུ་ལ་རྙིང་པར་གན་གས་གསར་པ་མན།

    མོན་པ་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་འོད་སྟོང་རབ་ཏུ་འཕྲོ་བའི་མི་རིགས་ཤིག་རེད། གནའ་བོའི་ཆང་གི་རིག་གནས་ཀྱིས་དེའི་འོད་སྟོང་འབར་བའི་མི་རིགས་རིག་གནས་ཁྲོད་གནས་བབ་གལ་ཆེན་ཞིག་བཟུང་ཡོད། ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་པ་མི་རིགས་ཡུལ་དུ་འཁྲུངས་ཤིང་། འཛམ་གླིང་སྐྱེ་བོ་ཀུན་གྱིས“མཛའ་གཞས་ཀྱི་རྒྱལ་སྲས”ཞེས་བརྗོད་ཀྱི་ཡོད། ད་ཆ་ལེགས་པོ་རོང་རྒྱུད་ཀྱི་མོན་ཡུལ་དུ་ཀུན་གྱིས་དགའ་པོ་བྱེད་པའི་ཆང་གི་སྙན་ངག་ཅིག་ཁྱབ་པ་སྟེ།

    ཆང་དེ་དང་པོས་མ་བཟི། །

    ཆང་དེ་གཉིས་པས་མ་བཟི། །

    ཆུང་འདྲིས་བྱམས་པས་བཀྱག་པའི། །

    ཞལ་དཀར་གང་གིས་བཟི་སོང་། །

    སྐྱིད་པ་ཤང་རངས་གྲོང་ཚོར་བཅར་འདྲི་བྱེད་སྐབས། ཁ་བྱང་དུ་གཞས་ཚིག་དེ་བཀོད་པའི་མོན་པའི་ཨ་རག་དཀར་པོ་སྟེ་མོན་ཡུལ་གྱི་བདུད་རྩི་དེ་མཐོང་རྒྱུ་ཡོད། རངས་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་རྒྱལ་མཚན་ནི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད་ལ། མོན་ཡུལ་གྱི་ཨ་རག་དཀར་པོ་བཙོ་བའི་རྒྱུན་འཛིན་མཁན་ཡང་ཡིན་ལ། དེ་དང་ཆབས་ཅིག་ཁོང་གིས་ད་དུང་མོན་ཡུལ་གྱི་བདུད་རྩི་ཆེད་ལས་ཉ་ལས་ཁང་གི་ཧྲེ་ཀྲང་གི་འགན་ཡང་འཁུར་གྱི་ཡོད།

    དཔེ་མཚོན་གྱི་མོན་པའི་ཕོ་གཞོན་ཞིག་ཡིན་ཞིང་། འདི་ལོ་ལོ་47ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་ནི་སྐད་ཆ་ཁ་རི་ཁ་ཐུག་ཏུ་ཤོད་མཁན་ཞིག་དང་བྱ་བ་བློ་ཐག་ཆོད་པོས་བྱ་བ་སྒྲུབ་མཁན་ཞིག་རེད། ཁོང་གིས་མོན་པ་རིགས་ཀྱི་ཆང་ལ་གཙོ་བོ་ཨ་རག་སེར་པོ་དང་ཨ་རག་དཀར་པོ་གཉིས་སུ་ཕྱེ་ཡོད། ཨ་རག་དཀར་པོ་བཙོ་སྐབས་སྲོལ་རྒྱུན་གྱི་མོན་པའི་བཟོ་རྩལ་ལ་བརྟེན་ནས་བཙོ་བས། བཙོ་བའི་བརྒྱུད་རིམ་ཧ་ཅང་རྙོག་དྲ་ཚ་པོ་ཡོད། མོན་པའི་བདུད་རྩི་མོན་པའི་ཨ་རག་དཀར་པོའི་ཁོངས་སུ་གཏོགས་པ་དང་། དེའི་རྒྱུ་ཆ་གཙོ་བོ་བྲ་བོ་ཡིན་པ་དང་ཞོར་ལ་ནས་ཕྲན་ཙམ་སྣོན་གྱི་ཡོད། དམིགས་བསལ་གྱི་ས་བབ་དང་གནམ་གཤིས་ཀྱིས་རྐྱེན་པས། ལེགས་པོ་རོང་རྒྱུད་དུ་བྲ་བོ་སྐྱེ་ཡུན་བལྟོས་བཅས་ཀྱི་རིང་ཙམ་ཡོད་པ་དང་། བཙོས་པའི་ཨ་རག་དཀར་པོར་རྩི་སྨན་གྱི་ཕན་ནུས་ཆེན་པོ་ལྡན་ཡོད། ལྷག་པར་དུ་གྲུམ་བུའི་ནད་སོགས་ལ་སྨན་བཅོས་ཀྱི་ཕན་ནུས་ངེས་ཅན་ལྡན་ཡོད།

    བཀྲ་ཤིས་རྒྱལ་མཚན་གྱིས་གསར་འགོད་པར་གྲོང་ཚོས་བཙོས་པའི་བྲ་ཆང་ལ་ལེགས་པོའི་རྒྱུད་དུ་སྐད་གྲགས་ཅུང་ལྡན་ཡོད། གནའ་བོའི་ཨ་རག་སྙོལ་བའི་ལག་རྩལ་དར་སྤེལ་གཏོང་བར་རྒྱལ་ཁབ་ཀྱིས་གྲོང་ཚོའི་ཨ་རག་དཀར་པོའི་འཁོར་ཁང་རྒྱས་སྐྲུན་བྱས་པ་དང་། 2013ལོར་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ལག་བསྟར་བྱས་ནས་བཟོ་ཁང་དང་། རྨང་གཞིའི་སྒྲིག་བཀོད་སོགས་ལེགས་སུ་གཏོང་ཆེད་ཆེད་མངགས་སྒོར་ཁྲི་30བཏང་ནས། སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་འཕེལ་བ་བྱས་ཡོད་ཅེས་བཤད།

    2013ལོར་མཉམ་ལས་ཁང་བཙུགས་པའི་ཐོག་མའི་དུས་སུ། མོན་ཡུལ་གྱི་བདུད་རྩི་དེ་ཕྱི་ཕྱོགས་སུ་བྲིན་ཚོང་བྱེད་འགོ་ཚུགས་ཤིང་། ན་ནིང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་33ཟིན་པ་དང་། གྲོང་མི་མི་རེར་ཁེ་སྤོགས་སྒོར་300རག་ཡོད། མ་དངུལ་ལྷག་མ་རྣམས་གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་ལ་བརྩིས་ནས་མཉམ་ལས་ཁང་རྒྱ་བསྐྱེད་དང་། སླར་ཡང་ཐོན་སྐྱེད་བྱེད་པ། དེ་བཞིན་གྲོང་ཚོའི་གཏོང་ཆ་གཞན་དག་ལ་སྤྱད་ཡོད། མོན་པའི་མང་ཚོགས་ཚོར་སྲོལ་རྒྱུན་གྱི་སྒྱུ་རྩལ་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་ཡོད།

    བ་ད་འ་བ་ང་་ལས་ཀྱང་མངར་ལུགས་སེམས་གང་ནས་བཤད་པ།

    སྐྱིད་པ་ཤང་གི་མོན་པ་མང་ཚོགས་ཚོས་ད་ཆའི་འཚོ་བའི་སྐོར་གླེང་སྐབས“བདེ་སྐྱིད”ཅེས་པའི་ཡིག་འབྲུ་གཉིས་དེ་རེད།

    སྐྱིད་པ་གྲོང་ཚོ་དང་རངས་གྲོང་ཚོར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། “ན་ནིང་རྒྱལ་ཁབ་ཀྱིས་སྣུམ་ནག་ལམ་ཤང་དུ་བཟོས་པ་དང་། སླར་ཡང་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་ནས་དུད་ཚང་བར་བཏིང་པས། རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་རོགས་རམ་གནང་ལུགས་མཚོན་ཐུབ” “དུད་ཚང་གང་འདྲ་ཞིག་ཏུ་བསྐྱོད་ནའང་དེང་རབས་ཅན་གྱི་ཁྱིམ་ཆས་གང་དགོས་འཛོམས་པ་དང་། གློག་ཀླད་དང་ལག་ཐོགས་ཁ་པར་ནི་དངོས་པོ་གསར་པ་ཞིག་གཏན་ནས་མ་རེད”ཅེས་ཤང་ཀྲང་ཚེ་རིང་ཆོས་སྒྲོན་གྱིས་བཤད།

    སྐྱིད་པ་གྲོང་ཚོར་གསར་འགོད་པར་ལོ་79ལ་སླེབས་པའི་ཏང་ཡོན་རྒན་གྲས་དབང་འདུས་ཐུག་བྱུང་། བགྲེས་སོང་ཁོང་གི་ཏང་ལོ་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་མཉམ་ཞིང་། ཁོང་གིས་སྐྱིད་པ་ཤང་གིས་ལོ་50རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མྱོང་ཡོད། “སྤྱི་ཚོགས་རྙིང་པར་ང་ཚོ་ཉིན་གང་དཀའ་ལས་ཇི་ཙམ་བརྒྱབ་རུང་། ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་མེད། འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན་མི་ཕྱུགས་ཀྱི་སྒལ་པར་བརྟེན་ནས་དངོས་ཟོག་དབོར་དགོས་ཀྱི་ཡོད། ལྷམ་མེད་པར་ཡུན་རིང་རྐང་རྗེན་མར་འགྲོ་དགོས་པས་རྐང་པར་རྨ་བཟོ་གི་ཡོད། ད་ཆ་ཧ་ཅང་ཡག་པོ་འདུག གང་ཞིག་བཟའ་དགོས་བསམས་ཀྱང་ཡོད་པ་དང་། གྱོན་གོས་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད་པ་དང་། འགྲམ་དུ་ཡོད་པའི་བགྲེས་སོང་ཁྲ་གོག་གིས“སྔོན་ཆད་ཕྱིར་སྐྱོད་སྐབས་ལ་མཐོ་པོ་བརྒྱབ་དགོས་པས་ཁ་ཕྱོགས་མ་འཛོལ་ཙམ་བྱུང་ན་ཡག་ཤོས་རེད། སྐབས་དེ་དུས་མྱོང་ཚོར་ལ་བརྟེན་ནས་བསྐྱོད་ཀྱི་ཡོད། ལོ་གཅིག་ལ་གཟུགས་པོ་ཐེངས་གཅིག་ཀྱང་འཁྲུད་རྒྱུ་མེད། ད་ཆ་དེ་དང་གཏན་ནས་འདྲ་མི་མེད། གང་དུ་སྐྱོད་བསམས་ཀྱང་དེར་སྐྱོད་ཆོག་པ་དང་། ལྷོ་ཁ་ས་ཁུལ་དུ་འགྲོ་བར་ཡང་ཉིན་གཅིག་ལས་འགོར་གྱི་མེད། ཚང་མའི་གཙང་སྦྲར་ཡང་དང་དོད་ཆེ་རུ་ཕྱིན་འདུག”ཅེས་བཤད།

    བགྲོས་སོང་དེས་བཤད་པ་ལྟར། ད་ཆ། སྐྱིད་པ་ཤང་དུ་སྐྱོད་སྐབས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མོན་པ་མི་རིགས་ཀྱི་ཡུལ་མིའི་སྡོད་ཁང་གྲལ་སྟར་སྒྲིག་པོ་ཡོད་པ་དང་། རི་མཐོའི་གསེབ་ཏུ་ཞི་མཐུན་གྱི་རང་བྱུང་ཁོར་ཡུག་མངོན་གསལ་དོད་པོ་ཡོད་པ། གང་ས་གང་དུ་ཁོར་ཡུག་གཙང་སྦྲ་དོད་པ་དང་། ཆུ་དང་། གློག ལམ། སྦྲག་སྲིད། འཕྲིན་གཏོང་བཅས་ཚང་མ་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད། ནད་ལྟ་བའི་སེམས་ཁྲལ་དང་། འཚོ་བའི་སེམས་ཁྲལ། ཕྱིར་སྐྱོད་ཀྱི་སྐྲག་སྣང་བཅས་བྱེད་མི་དགོས་པ་ནི་མོན་པ་མང་ཚོགས་ཚོའི་མཚོན་ཚུལ་དངོས་ཤིག་རེད།

    ད་ཆའི་སྐྱིད་པ་ཤང་མི་ཡུལ་གྱི“གནས་མཆོག”ངོ་མ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།