དབུ་ཤོག>གསར་འགྱུར།
  • རྨང་གཞི་བརྟན་གཏོང་མཐའ་འཁྱོངས་ཀྱིས་བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-10-21

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་དེ་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ནན་གསུམ་དྲང་གསུམ”ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་བརྒྱབ་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པའི་དཔུང་ཁག གཞི་རིམ་རྩ་འཛུགས། ཏང་ཡོན་དཔུང་ཁག་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་ཡག་པོ་བྱེད་པ་དང་ཏང་གི་གསར་གཏོད་ནུས་པ་དང་། གཅིག་འགྲིལ་ནུས་པ། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཏང་གི་རྨང་གཞི་གཞི་རིམ་དང་ཏང་གི་སྟོབས་ཤུགས་གཞི་རིམ་དུ་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དོན་འཁྱོལ་བྱེད་པར་གཙོ་བོ་གཞི་རིམ་ལ་བརྟེན་དགོས”ཞེས་གསུངས་པ་རེད། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་དང་། ཏང་གི་ལས་དོན་དང་དམག་འཐབ་ནུས་པ་ཡོངས་ཀྱི་རྨང་གཞི། མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དམག་འཐབ་མཁར་རྫོང་བཅས་རེད།

    ཏང་གི་བོད་སྐྱོང་ཇུས་ཆེན་སྒོ་ཀུན་ནས་དོན་འཁྱོལ་བྱེད་པའི་ལོ་རྒྱུས་ཀྱི་གནས་ཚད་ཐོག་ལངས་ནས་ཞིབ་ལྟ་བྱེད་སྐབས་རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཆེ་ལ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་དང་བརྟན་ལྷིང་ལ་སྣེ་ཁྲིད་བྱེད་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་དེ་བས་ཆེ། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གཞིར་བཟུང་རྩ་ལག་མཉམ་བཅོས་དང་རྩ་བཅོས་ལ་སྣང་ཆེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས།

    གཞི་རིམ་ནི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་ས་བཅས་ཡིན་པར་བརྟེན་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་ཕྱིན་ཚེ་བོད་དུ་ལག་ལེན་བསྟར་བའི་ཏང་གི་ལས་དོན་ཧྲིལ་པོར་གཞི་ནས་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་གཞི་ནས་རྒྱུན་ཆད་མེད་པར་བརྟན་དུ་འགྲོ་ཐུབ་པ། ཏང་གི་བྱ་གཞག་འཕེལ་རྒྱས་ལ་གཞི་ནས་སྒོ་ཀུན་ནས་སྐུལ་འདེད་གཏོང་ཐུབ་པ་བཅས་རེད། ངེས་པར་དུ་གཞི་རིམ་དམ་འཛིན་བྱེད་པ་དང་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་ཕུགས་ཀྱི་ཇུས་འགོད་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་ཞིག་ཏུ་བརྩིས་ཏེ་གཞི་རིམ་གྱི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་། གཞི་རིམ་ལ་མ་འཇོག་བྱེད་པ། སྲིད་ཇུས་གཞི་རིམ་ལ་ཕྱོགས་པ་བཅས་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བཅས་བྱས་ནས་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་སྒོ་ཀུན་ནས་ཁྱབ་པ་དང་ནུས་ལྡན་ངང་ཁྱབ་པ་བྱེད་དགོས། དད་སེམས་བརྟན་གཏོང་དང་། དམངས་ཆེད་ཞབས་ཞུ། སྲིད་བརྩོན་དངོས་སྒྲུབ། འགན་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་ནས་ཕུལ་བྱུང་གི་བོད་རིགས་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ། ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པ་དང་བོད་སྐྱོར་ལས་བྱེད་པ་བཅས་སྐྱེད་སྲིང་དང་བསྐོ་སྤྱོད་ཤུགས་ཆེན་བྱས་ནས་བློ་དཀར་སེམས་དཀར་དང་། སྤྱོད་ཚུལ་དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་དེ་ཚེ་སྲོག་ལྟ་བུར་བརྩིས་ནས་ཨང་དང་པོར་འཇོག་དགོས། “ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ལྷག་པར་གསལ་པོ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བྱ་སྤྱོད་ལྷག་པར་སྲ་བརྟན། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ལྷག་པར་ཟབ་མོ”བཅས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་ས་ཁུལ་གྱི་ལས་བྱེད་པར་བཏོན་གནང་བའི་ཐུགས་རེ་ཟབ་མོ་རེད། བོད་འདི་རྒྱལ་ས་པེ་ཅིང་དང་བར་ཐག་རིང་ཡང་རང་སྐྱོང་ལྗོངས་ཏང་ཨུད་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་བ་དང་དུས་ཚོད་དང་གནས་ཚུལ་ཇི་འདྲ་ཞིག་ཡིན་རུང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བལྟོས་མེད་ངང་བློ་དཀར་སེམས་དཀར་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་སྟེ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར་། ཁ་ཞེ་གཉིས་མེད། རྣམ་འགྱུར་སྲ་བརྟན། གོམ་སྟབས་གཅིག་མཐུན་བཅས་བྱེད་པ། བོད་འདི་ཉིད་མ་གཞི་མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། ཆ་རྐྱེན་ཞན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོར་གནས་པ་བཅས་ཡིན་རུང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱེད་དགོས།

    ལག་ལེན་དངོས་ལས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་རྒྱག་པའི་འགག་རྩའི་ཐབས་དང་། འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་གཞི་རྟེན། ལས་བྱེད་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པའི་སྟེགས་བུ་གལ་ཆེན། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་གཞི་འཛིན་ས་ནུས་ལྡན་བཅས་ཡིན་པར་བརྟེན་ལས་བྱེད་པ་གཞི་རིམ་དང་འབྲེལ་མཐུད་བྱུང་བ་དང་། མང་ཚོགས་ལ་དངོས་ཕན་ཐོབ་པ། འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། བརྟན་ལྷིང་འགན་ལེན་བྱུང་བ་བཅས་ཡིན་པ་ར་འཕྲོད་བྱུང་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་དགོས་མཁོ་དང་བསྟུན་ནས་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་ལས་དོན་དེ་མཐའ་འཁྱོངས་ཡག་པོ་དང་། གཏིང་ཟབ་ཡག་པོ། རྒྱ་སྐྱེད་ཡག་པོ་བཅས་བྱེད་པ་དང་གཙོ་གནད་ལས་འགན་ཁག་ལྔ་ལེགས་གྲུབ་བྱེད་པའི་རྨང་གཞིའི་ཐོག་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་གསར་པ་གཉིས་ཁ་སྣོན་བརྒྱབ་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་ལེན་འཚོལ་ཞིབ་བྱེད་པ་དང་བོད་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།